ཞཱིན་ལན་ཟི་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:39ལ་འགྲུབ།

ཞཱིན་ལན་ཟི་དགོན་པ།

དགོན་པ་འདི་ནི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཅཱན་ལིན་སྡེ་བ(尖岭村)ན་ཡོད། ལཱང་ཝོ་ཧྲན་ཏེ་སྤྱང་ཚང་རི་བོའི་སྐེད་དུ་ཆགས་ཡོད་པས་སྤྱང་ཚང་དགོན་ཏེ་ལཱང་ཝོ་དགོན(狼窝寺)ཡང་ཟེར། དགོན་པ་ནི་ཆིང་ཐུང་ཀྲི་ཁྲི་ལོ་དང་པོ་སྟེ་སྤྱི་ལོ1862ལོ་ལ་བཏབ་པ་དང་ཁྱིས་ལི་དགོན་པ་ནས་གྱེས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新连寺
བཞེངས་ལོ།
སྤྱི་ལོ1862ལོ།
གནས་ཡུལ།
མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཅཱན་ལིན་སྡེ་བ།
1 ངོ་སྤྲོད།

དགོན་པ་འདི་ནི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཅཱན་ལིན་སྡེ་བ(尖岭村)ན་ཡོད། ལཱང་ཝོ་ཧྲན་ཏེ་སྤྱང་ཚང་རི་བོའི་སྐེད་དུ་ཆགས་ཡོད་པས་སྤྱང་ཚང་དགོན་ཏེ་ལཱང་ཝོ་དགོན(狼窝寺)ཡང་ཟེར། དགོན་པ་ནི་ཆིང་ཐུང་ཀྲི་ཁྲི་ལོ་དང་པོ་སྟེ་སྤྱི་ལོ1862ལོ་ལ་བཏབ་པ་དང་ཁྱིས་ལི་དགོན་པ་ནས་གྱེས་པར་བཤད། སྤྱི་ལོ1958ལོའི་སྔོན་ལ་དགོན་པ་འདིར་འདུ་ཁང་གྱན་གསུམ་དང་གྲྭ་ཤག་གྱན་བཅུ་གཅིག གྲྭ་བཙུན་བཅུ་གཅིག་བཅས་ཡོད། སྤྱི་ལོ1958ལོ་ལ་དགོན་པ་ལ་གཏོར་བརླག་ཐེབས་པ་དང་། སྤྱི་ལོ1982ལོ་ལ་འདུ་ཁང་གྱན་གསུམ་དང་གྲྭ་ཤག་གྱན་ལྔ་བསྐྱར་བཞེངས་བྱས་ལ་དེ་དུས་གྲྭ་པ་དྲུག་བཅས་ཡོད། སྤྱི་ལོ2000ལོ་སྔར་གནས་སུ་གཞི་རྒྱ་ལ85ཅན་གྱི་ལྷ་ཁང་ཞིག་བཞེངས། སྤྱི་ལོ2013ལོ་ལ་གཞི་ཁྱོན་ལ་སྨི་གྲུ་བཞི་མ159ཅན་གྱི་འདུ་ཁང་ཞིག་བཞེངས་ཡོད་མོད་དེའི་ནང་དུ་ལྷ་སྐུ་སོགས་མེད། སྤྱི་ལོ2000ལོར་བཞེངས་པའི་ལྷ་ཁང་ནང་གི་སྐུ་རྟེན་གཙོ་བོ་ནི་རྗེ་ཙོང་ཁ་པ་ཡིན་ལ། དེའི་གཡོན་ཕྱོགས་སུ་རིམ་བཞིན་སྤྱན་རས་གཟིགས་ཕྱག་བཞི་དང་འཇམ་པའི་དབྱངས། སྒྲོལ་མ་སྔོན་མོ་བཅས་ཡོད། གཡས་ཕྱོགས་སུ་རིམ་བཞིན་འོད་དཔག་མེད་དང་རྣམ་རྒྱལ་མ། ཚེ་དཔག་མེད་བཅས་ཡོད། གཞན་རྒྱལ་བ་རིགས་ལྔ་དང་དཔལ་ལྡན་ལྷ་མོ། དམ་ཆེན་སོགས་ཀྱི་ཐང་ག་འགའ་ཡང་ཡོད། སྒོའི་གཡོན་ཕྱོགས་སུ་ཀོན་ཧྲིན་ཏཱིས་ཞེས་པའི་ནོར་ལྷའི་ལྷ་སྐུ་ཞིག་ཀྱང་ཡོད། ད་ལྟ་དགོན་པའི་ནང་དུ་གྲྭ་བཙུན་བཞི་ཡོད་ལ་ཚང་མ་རྒྱ་རིགས་ཡིན། ཡིན་ནའང་ཆོས་འདོན་དུས་བོད་སྐད་ཀྱིས་འདོན། ལོ་རེའི་ཧོར་ཟླ་བཅུ་བའི་ཚེས་ཉི་ཤུ་ནས་ཉེར་ལྔའི་བར་ཏེ་བཅུ་བའི་ལྔ་མཆོད་ཀྱི་སྐབས་ཚོགས་འཚོགས་ནས་མི་ཕྱུགས་ལ་གོད་ཁ་མེད་ཅིང་ལོ་ལེགས་འབྱུང་པའི་སྨོན་ལམ་རྒྱག་པ་ཡིན་ཟེར། དགོན་པ་འདི་ཡི་དད་ལྡན་མང་ཚོགས་ནི་གཙོ་བོ་མཱ་ཡང་གྲོང་རྡལ་གྱི་ཧི་ཕིན་སྡེ་བ་དང་། ཀོའུ་ཧྲན་གྲོང་རྡལ་གྱི་ཅཱན་ལིན་སྡེ་བ། ཞའོ་ལིན་སྡེ་བ། སཱན་ཁྲ་སྡེ་བ་སོགས་ཀྱི་རྒྱ་རིགས་ཡིན་ལ་བསྡོམས་པས་མི་གྲངས5000ལྷག་ཡོད་ཟེར།

བརྡ་འགྲེལ་གདོང་འཛར།

དགོན་པ། མིན་ཧོ། མཚོ་ཤར། གྲུབ་མཐའ།