ཝུ་ཀྱཱ་ཟི་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:39ལ་འགྲུབ།

ཝུ་ཀྱཱ་ཟི་དགོན་པ།

དགོན་པ་འདིའི་མིང་ད་རུང་པེ་ཝུ་ཀྱཱ་ཟི(白武家寺) ཀུའུ་ཧྥུན་ཟི(古峰寺)ཡང་ཟེར་ལ། དེ་ནི་མིན་ཧོ་རྫོང་ཤར་ལྷོ་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། ལུང་མཐིལ་ཡུལ་ཚོའི་པེ་ཝུ་ཀྱཱ་སྡེ་བར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武家寺
གནས་ཡུལ།
མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཤར་ལྷོ་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། ལུང་མཐིལ་ཡུལ་ཚོའི་པེ་ཝུ་ཀྱཱ་སྡེ་བ
1 ངོ་སྤྲོད། 

དགོན་པ་འདིའི་མིང་ད་རུང་པེ་ཝུ་ཀྱཱ་ཟི(白武家寺) ཀུའུ་ཧྥུན་ཟི(古峰寺)ཡང་ཟེར་ལ། དེ་ནི་མིན་ཧོ་རྫོང་ཤར་ལྷོ་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། ལུང་མཐིལ་ཡུལ་ཚོའི་པེ་ཝུ་ཀྱཱ་སྡེ་བར་ཡོད། སྤྱི་ལོ1958ལོའི་དུས་སུ་འདུ་ཁང་གྱན་ཅན་ཞིག་དང་གྲྭ་བ1ཡོད། སྤྱི་ལོ1958ལོའི་རྗེས་སུ་བཤིག སྤྱི་ལོ1983ལོར་མང་ཚོགས་འདུ་ཁང་གྱན3ཅན་ཞིག་བསྐྱར་བཞེངས་བྱས། གྲྭ་པ་མེད་པར་ལྷ་ཁང་ལྟ་བུར་གྱུར་འདུག དད་ལྡན་མང་ཚོགས་པེ་ཝུ་ཀྱཱའི་རྒྱ་རིགས་རྣམས་ཡིན། ལོ་རེ་ཡི་ཟླ་བ་དང་པོའི་ཚེས་བདུན་ཉིན་དད་ལྡན་རྣམས་འདུས་ནས་ཆོས་འདོན་པ་དང་གསོལ་མཆོད་བྱེད།