ལིས་ཀྱཱ་ཟི་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha ནས 2023-05-19 08:38ལ་འགྲུབ།
དགོན་པ་འདིར་ཐང་དམར་དགོན(红滩寺)ཡང་ཟེར་ལ། དེ་ནི་མིན་ཧོ་རྫོང་ཤར་ལྷོ་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། དེང་གི་ལུང་མཐིལ་ཡུལ་ཚོའི་ལིས་ཀྱཱ་ཟི་སྡེ་བར(李家寺)ཆགས་ཡོད། ལིས་ཀྱཱ་སྡེ་བ་དགོན་པའི་ལྷ་སྡེ་གཙོ་བོ་ཡིན། བོད་རབ་བྱུང་བཅུ་བཞི་བའི་ཆུ་ཕོ་ཁྱི་སྟེ་ཆིང་རྒྱལ་རབས་ཐུང་ཀྲིས་ཁྲི་ལོ་དང་པོར་བཏབ་པ་དང་བཱ་ཇོ་དགོན་པའི་དགོན་ལག་ཡིན། དགོན་པ་དར་བའི་དུས་གྲྭ་པ་མང་ལ་བླ་མ་ཡང་འགའ་རེ་ཡོད་པར་བཤད། སྤྱི་ལོ1954ལོར་དགོན་པར་ཁང་ལེབ་གྱན10དང་གྲྭ་བ5ཡོད། བླ་མ་གཅིག་ཡོད་ལ་འཇིགས་མེད་ཟེར། རྒྱ་རིགས་ཡིན། སྐྱ་མིང་ལ་ལིས་ཡུས་ཀྲུའུ( 李玉珠)ཟེར། དུས་རྒྱུན་ཅ་ཇི་དགོན་དུ་བཞུགས། སྤྱི་ལོ1958ལོར་དགོན་པ་བཤིག སྤྱི་ལོ1988ལོར་འདུ་ཁང་གྱན་ལྔ་ཅན་ཞིག་བཞེངས། ད་ལྟ་གྲྭ་པ་མེད་པར་ལྷ་ཁང་ལྟ་བུར་གྱུར་འདུག