ཀྲང་ཀྱཱ་རྒྱ་སྐྱིད་ཟི།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:37ལ་འགྲུབ།

ཀྲང་ཀྱཱ་རྒྱ་སྐྱིད་ཟི།

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ལྷོའི་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། དེང་གི་ལུང་མཐིལ་ཡུལ་ཚོའི་ཀྲང་ཀྱཱ་སྡེ་བར་ཡོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བཏབ་པར་བཤད། དགོན་པ་དར་བའི་དུས་སུ་གྲྭ་པ་མང་ལ་བླ་མ་ཡང་འགའ་རེ་ཡོད་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张家嘉吉寺
བཞེངས་ལོ།
ཆིང་རྒྱལ་རབས་ཀྱི་དུས་མཇུག
གནས་ཡུལ།
མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཤར་ལྷོའི་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། དེང་གི་ལུང་མཐིལ་ཡུལ་ཚོའི་ཀྲང་ཀྱཱ་སྡེ་བ
1 ངོ་སྤྲོད། 

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ལྷོའི་ཕྱོགས་ཀྱི་སྨན་ཆུ་ལུང་པའི་སྨད་ཕྱོགས་ཏེ། དེང་གི་ལུང་མཐིལ་ཡུལ་ཚོའི་ཀྲང་ཀྱཱ་སྡེ་བར་ཡོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བཏབ་པར་བཤད། དགོན་པ་དར་བའི་དུས་སུ་གྲྭ་པ་མང་ལ་བླ་མ་ཡང་འགའ་རེ་ཡོད་པར་བཤད། སྤྱི་ལོ1958ལོར་དགོན་པ་གཏོར་བཤིག་ཐེབས། སྤྱི་ལོ1980ལོ་ནས་ཆོས་སྒོ་ཕྱེ་ལ། ད་ལྟ་དད་ལྡན་མང་ཚོགས་ཀྱི་ལྷ་ཁང་ལྟ་བུའི་དགོན་པ་ཆུང་ཆུང་ཞིག་བསྐྱར་བཞེངས་བྱས་འདུག བླ་མ་དང་གྲྭ་པ་གཅིག་ཀྱང་མེད། དགོན་པ་ན་བསང་འཕུད་མཁན་དང་སྤོས་སྒྲོན་མཁན་འགའ་རེ་ཡོད།