དགོན་པ་འདི་ནི་མིན་ཧོ་རྫོང་སྨན་ཆུ་ལུང་པའི་ལུང་སྐེད་ཆའོ་ཐིག་སྡེ་བར་ཆགས་ཡོད། ལོ་རྒྱུས་སུ་བཱ་ཇོ་དགོན་པའི་དགོན་ལག་ཡིན། མིང་རྒྱལ་རབས་ཝན་ལིའི་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ1574ལོར་བཏབ་པར་བཤད། ལྷ་སྡེ་གཙོ་བོ་ཆའོ་ཐིག་སྡེ་བ(桥头村)དང་ཧོའུ་ཧྲན་སྡེ་བ(后山村)དང་ཆན་ཧྲན་སྡེ་བ(前山村)སོགས་རྒྱ་སྡེ་ཡིན། སྤྱི་ལོ1958ཀྱི་སྔོན་ལ་འདུ་ཁང་དང་གྲྭ་ཤག་གྱན28དང་གྲྭ་བ21དང་བླ་མ་གཉིས་ཡོད། དགོན་བདག་བླ་མ་ལ་ལམ་པ་ཚང(兰巴仓)ཟེར་ལ། རྒྱ་རིགས་ཡིན། སྐྱ་མིང་ལ་ལིས་ཡུས་ཀྲུའུ(李玉珠)ཟེར། གཅིག་གི་མིང་ལ་ལིས་ཧྲིན་ཡོན(李升云)ཟེར། ང་བརྒྱད་སྐབས་སུ་གྲྭ་པ་རྣམས་གྲྭ་ལོག་བྱེད་དུ་བཅུག་པ་དང་དགོན་པ་ལ་གཏོར་བརླག་ཐེབས་ནས་ཤུལ་མེད་དུ་གྱུར། ད་ལྟ་དད་ལྡན་མང་ཚོགས་རྣམས་ཀྱིས་འདུ་ཁང་དང་བཅས་པ་ཡང་བསྐྱར་གསར་བཞེངས་བྱས་ཡོད། བླ་མ་མེད་ན་ཡང་རྒྱའི་གྲྭ་བ6ཡོད། ཆོས་ཐོག་ཆེན་པོ་མེད་ནའང་དུས་ཆེན་རྣམས་སུ་དད་ལྡན་མང་ཚོགས་ཀྱིས་སྤོས་སྒྲོན་པ་སོགས་མཆོད་འབུལ་དུ་ཡོང་བའི་དད་ལྡན་མང་པོ་འདུ་བ་ཡིན།