ཟན་གྱ་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:38ལ་འགྲུབ།

ཟན་གྱ་དགོན་པ།

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཟན་གྱ་སྡེ་བར་ཡོད། དགོན་པ་འདི་ནི་ཆིང་རྒྱལ་རབས་གོང་མ་ཆན་ལུང་གི་སྐབས་སུ་ཟན་གྱ་སྐུ་ཕྲེང་དང་པོ་བློ་བཟང་དགེ་ལེགས་ཀྱིས་བཏབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三家寺
བཞེངས་མཁན།
ཟན་གྱ་སྐུ་ཕྲེང་དང་པོ་བློ་བཟང་དགེ་ལེགས།
བཞེངས་ལོ།
སྤྱི་ལོ1914ལོ།
གནས་ཡུལ།
མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཟན་གྱ་སྡེ་བར་ཡོད།
1 ངོ་སྤྲོད། 

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཟན་གྱ་སྡེ་བར་ཡོད། དགོན་པ་འདི་ནི་ཆིང་རྒྱལ་རབས་གོང་མ་ཆན་ལུང་གི་སྐབས་སུ་ཟན་གྱ་སྐུ་ཕྲེང་དང་པོ་བློ་བཟང་དགེ་ལེགས་ཀྱིས་བཏབ་པ་དང་། (སྤྱི་ལོ1914ལོར་བཏབ་པར་བཤད་པའང་ཡོད) སྤྱི་ལོ1958ལོའི་སྔོན་དུ་དགོན་པར་ཁང་མིག་གྱན8དང་གྲྭ་བ5ཡོད། སྤྱི་ལོ1958ལོར་དགོན་པ་བཤིག སྤྱི་ལོ1984ལོར་འདུ་ཁང་དང་སྒར་བ་གྱན6བསྐྱར་བཞེངས་བྱས། དགོན་པ་འདིའི་བླ་མ་ཟན་གྱ་སྐུ་ཕྲེང་དང་པོ་བློ་བཟང་དགེ་ལེགས་ནི་ཟན་ཀྱཱ་སྡེ་བ་འདི་ནས་འཁྲུངས་པ་དང་། དགུང་ལོ་གཞོན་དུས་ནས་བཟུང་རབ་ཏུ་བྱུང་ཞིང་ལྷ་སའི་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བསྒྲུབས། རྒྱུད་སྨད་དུ་ཕེབས་ནས་སྔགས་ལ་སྦྱངས་པ་ཕུལ་ཕྱིན་གནང་། འཇམ་དབྱངས་བཞད་པ་དགེ་འཕེལ་དུ་བཞུགས་པའི་ཞབས་ལ་གཏུགས་ནས་ལམ་རིམ་ཆེན་མོའི་བཤད་ལུང་ལན་ཁ་ཤས་དང་དབང་རྗེས་གནང་སོགས་མདོ་སྔགས་ཀྱི་ཟབ་ཁྲིད་དུ་མ་གསན། ཐང་རིང་དགོན་པའི་ཁྲི་ལ་ལོ་ལྔ་བཞུགས་ནས་འཆད་ཉན་དང་དབུ་མའི་ཡིག་ཆ་བརྩམས་པ་པར་ཤིང་ཡོད་ཟེར། སྤྱི་ལོ1723ལོར་ཐང་རིང་དགོན་པར་རྒྱུད་སྨད་དང་སྒོ་བསྟུན་པའི་རྒྱུད་གྲྭ་བཙུགས། སྐུ་ཕྲེང་གཉིས་པ་དགུང་ལོ་བཅུ་དགུའི་ཐོག་གཤེགས། དེ་ནས་ལོ120ལ་ཡང་སྤྲུལ་མ་བྱོན། སྐུ་ཕྲེང་གསུམ་པ་བསྐལ་བཟང་ཐུབ་བསྟན་ཉི་མ་སྤྱི་ལོ1940ལོར་འཁྲུངས་ལ་སྐྱ་མིང་ལ་ཟན་ཡིན་ལུའུ(三应录)ཟེར། རྒྱ་རིགས་ཡིན། ད་ལྟ་མིན་ཧོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་ཁུར། དགོན་པ་འདིའི་བསྐྱར་བཞེངས་སོགས་ལ་ཁོང་གིས་ཐུགས་ཁུར་གནང་བཞིན་ཡོད།

བརྡ་འགྲེལ་གདོང་འཛར།

ཟན་གྱ་དགོན་པ། དགོན་པ། མིན་ཧོ།