ཧ་ཀྱཱ་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:37ལ་འགྲུབ།

ཧ་ཀྱཱ་དགོན་པ།

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཧ་ཀྱཱ་སྡེ་བར་ཆགས་ཡོད། དེ་ནི་གོང་མ་ཁང་ཞིའི་སྐབས་སུ་བཏབ་པ་དང་ཐང་རིང་དགོན་པའི་དགོན་ལག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈家寺
གནས་ཡུལ།
མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཧ་ཀྱཱ་སྡེ་བ།
བཞེངས་ལོ།
གོང་མ་ཁང་ཞིའི་སྐབས་སུ་བཏབ།
1 ངོ་སྤྲོད། 

དགོན་པ་འདི་ནི་མིན་ཧོ་རྫོང་ཤར་ཕྱོགས་ཀྱི་སྨན་ཆུ་ལུང་པའི་ལུང་སྐེད་དེ། ཙོང་པོ་ཡུལ་ཚོའི་ཧ་ཀྱཱ་སྡེ་བར་ཆགས་ཡོད། དེ་ནི་གོང་མ་ཁང་ཞིའི་སྐབས་སུ་བཏབ་པ་དང་ཐང་རིང་དགོན་པའི་དགོན་ལག་ཡིན། སྤྱི་ལོ1958ལོའི་སྔོན་དུ་འདུ་ཁང་གྱན3ཅན་ཞིག་དང་གྲྭ་ཤག་གྱན13དང་གྲྭ་བ2བཅས་ཡོད། སྤྱི་ལོ1958ལོར་སྒོ་བརྒྱབ། སྤྱི་ལོ1981ལོར་འདུ་ཁང་དང་གྲྭ་ཤག་གྱན3རེ་བཞེངས་པ་དང་། ལོ་འགའི་སྔོན་ལ་འདུ་ཁང་དང་ལྷ་ཁང་ཅུང་ཙམ་རྒྱ་ཆེ་བ་ཞིག་བསྐྱར་བཞེངས་བྱས་ཤིང་མིང་ལ་ཡོན་ཏན་ཟེར་བའི་གྲྭ་བ1ཡོད། སྡེ་བས་བདག་སྐྱོང་བྱེད་བཞིན་འདུག