ཁྱིས་ལི་དགོན་ནམ་སྨན་ཆུའི་དར་རྒྱས་རི་ཁྲོད།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:36ལ་འགྲུབ།

ཁྱིས་ལི་དགོན་ནམ་སྨན་ཆུའི་དར་རྒྱས་རི་ཁྲོད།

ཁྱིས་ལི་དགོན་ནམ་སྨན་ཆུའི་དར་རྒྱས་རི་ཁྲོད།(慈利寺) འདི་ནི་མིན་ཧོ་རྫོང་ཁོངས་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་སྨན་ཆུ་ལུང་པའི་སྟོད་དེ། ད་ལྟའི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཁྱིས་ལི་སྡེ་བ( 七里村)རུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
慈利寺
བཞེངས་མཁན།
མ་ཎི་པ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ།
གནས་ཡུལ།
མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཁྱིས་ལི་སྡེ་བ།
1 ངོ་སྤྲོད། 

ཁྱིས་ལི་དགོན་ནམ་སྨན་ཆུའི་དར་རྒྱས་རི་ཁྲོད།(慈利寺) འདི་ནི་མིན་ཧོ་རྫོང་ཁོངས་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་སྨན་ཆུ་ལུང་པའི་སྟོད་དེ། ད་ལྟའི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་གྱི་ཁྱིས་ལི་སྡེ་བ( 七里村)རུ་ཆགས་ཡོད། དགོན་པ་འདིའི་མིང་ལ་སྔོན་ཆད་རྒྱ་སྐད་ཀྱིས七里寺དང་ད་ལྟ慈利寺དགོན་པ་ཟེར། བོད་སྐད་དུ་སྨན་ཆུ་དར་རྒྱས་རི་ཁྲོད་ཟེར་ལ། མེ་འབྲུག་ལོ་ལ་སེར་དྲིས་དགོན་གྱི་དགོན་བདག་མ་ཎི་པ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མས་གསར་དུ་བཏབ། དེར་དགོན་ལག་ལ་ཞིན་ལེན་དགོན(新连寺)དང་ཡའོ་ཧྲིན་དགོན་ནམ་ཕིན་ཨན་དགོན(药神寺或平安寺)གཉིས་ཡོད། དགོན་པ་འདིའི་ལྷ་སྡེ་གཙོ་བོ་ཁྱིས་ལི་སྡེ་བ་(七里村)དང་ཞའོ་ལེན་སྡེ་བ(小岭村)གཉིས་ཡིན་ལ། དད་ལྡན་མང་ཚོགས1600ལྷག་ཡོད། དགོན་པ་འདིའི་དགོན་བདག་ནི་ཅིན་ཞཱ་རོང(金夏荣)ཚང་ཡིན་ལ། ཁོང་ཚང་ལ་སྐུ་ཕྲེང་གསུམ་མ་གཏོགས་མ་བྱོན། སྤྱི་ལོ1958ལོར་དགོན་པ་འདི་ལ་ལྷ་ཁང་དང་གྲྭ་ཤག་བསྡོམས་པས་གྱན129ལྷག་དང་བླ་མ1དང་གྲྭ་བ27ཡོད། རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་སྒོ་བརྒྱབ་པ་དང་། སྤྱི་ལོ1981ལོ་ལ་ཡང་བསྐྱར་སྒོ་ཕྱེ། ད་ལྟ་འདུ་ཁང་གསར་དུ་བཞེངས་ཡོད། འདུ་ཁང་གི་རྒྱབ་ན་གཞི་བདག་གི་ལྷ་ཁང་བཞེངས་ཡོད། འདུ་ཁང་གི་མདུན་དུ་རྒྱའི་ལུགས་ཀྱི་བསང་ཁྲི་ཆེན་པོ་ཞིག་བཞག་ཡོད། བསང་འཕུད་མཁན་སྡེ་བའི་རྒན་པོ་ཞིག་རེད། ད་ལྟ་གྲྭ་པ་གཉིས་ཡོད་ལ་རྒྱ་རིགས་ཡིན། ས་ཆ་དེའི་མང་ཚོགས་ཀྱི་གྲྭ་པ་ལ་ཧྭ་ཤང་མི་ཟེར་བར་ཧྥ་ཟི་ཟེར། དུས་རྒྱུན་སྐྱ་བོའི་ལྭ་གོན་འདུག་ལ་གྲོང་ཆོག་ཏུ་འགྲོ་དུས་ད་གཟོད་གྲྭ་ལྭ་གོན་པ་ཡིན་ཟེར། ལོ་རེའི་ཆོས་ཐོག་ནི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྨོན་ལམ་ཆེན་མོ་དེ་ཡིན།