ལྷ་དཀར་པོ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-17 15:17ལ་འགྲུབ།

ལྷ་དཀར་པོ།

ལྷ་དཀར་པོ།
ལྷ་དཀར་པོ་ཞེས་པ་ནི་ལྷ་ཁང་ཞིག་སྟེ། ལྷ་དཀར་པོ་བྱམས་པ་རང་བྱོན་ཡང་ཟེར། དེ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ9ཙམ་གྱིས་ཆོད་པའི་སར་གནས་ཏེ། དེང་གི་ཆུ་ཤར་ཡུལ་ཚོ་ཚྭ་མཐའ་སྡེ་བ་ནས་བྱང་ཤར་དུ་སྤྱི་ལེ་གཅིག་གི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་དེར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长佛寺
ལ་ཏིང་གི་མིང་།
lha dkar po
མིང་གཞན།
ལྷ་བྱམས་པ་རང་སྐྱེས་སམ་ལྷ་རང་སྐྱེས་ཀྱང་ཟེར།
ནང་ཚན།
ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ།
གནས་ཡུལ།
ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་ཚལ་མཐའ་སྡེ་བའི་ཤར་བྱང་གི་ཕྱོགས་སུ་བཞེངས་ཡོད།
1 ངོ་སྤྲོད།

ལྷ་དཀར་པོ་ཞེས་པ་ནི་ལྷ་ཁང་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་.jpgལེ9ཙམ་གྱིས་ཆོད་པའི་ཚལ་མཐའ་སྡེ་བའི་ཤར་བྱང་གི་ཐང་ཆུང་སྐེ་ཞེས་པར་བཞེངས་ཡོད། འདི་ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་མ་ངེས་ཀྱང་། རབ་བྱུང་བཅུ་གཅིག་པའི(སྤྱི་ལོ1627ནས1686ལོའི་བར)ཡར་སྔོན་དུ་ཡོད་པ་གསལ། འདི་ནི་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན། ལྷ་ཁང་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་ནང་རྟེན་ལ་ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་གྱོན་པ་ཞིག་ཐིམ་པ་དང་། སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་ལེགས་ཤིག་དང་། ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པ་དེ་ཞལ་རྨ་ཆུའི་ཁུགས་པར་གཏད་པ་བཅས་བཞུགས། 

2 ངག་རྒྱུན།

ངག་རྒྱུན་ལ། ལྷ་ཁང་འདི་མ་བཞེངས་པའི་གོང་རོལ་དུ། ལུག་རྫི་ཞིག་གིས་ལུག་འཚོ་བཞིན་པའི་སྐབས་སུ། .jpgད་ལྟ་ལྷ་ཁང་ཡོད་སའི་གནས་འདིའི་ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་མནབས་པ་ཞིག་ཐིམ་སོང་བ་མངོན་སུམ་དུ་མཐོང་བ་དང་། སྐབས་དེ་ནས་བཟུང་ཕ་བོང་དཀར་པོ་དེའི་མཐའ་རུ་ད་དུང་རྒྱུན་པར་འོད་ཟེར་འཕྲོ་བཞིན་པའང་མཐོང་བས་ན། ཡུལ་དེ་གའི་དད་ལྡན་མང་ཚོགས་ཀྱིས་ཕ་བོང་དཀར་པོ་དེ་གཟུངས་གཞུག་བྱས་ཏེ་དེའི་སྟེང་དུ་རྗེ་བཙུན་བྱམས་པའི་སྐུ་བརྙན་ཞིག་བཞེངས་པར་ལྷ་དཀར་པོ་ཟེར་བའི་མིང་དེ་ཐོགས་པར་བཤད། ངག་རྒྱུན་ལ། ལྷ་ཁང་འདི་བཞེངས་བཞིན་པའི་སྐབས་སུ། ནང་རྟེན་བྱམས་པའི་སྐུ་ཉིན་རེ་བཞིན་སྐྱེས་ནས་ཇེ་མཐོར་སོང་བར་བརྟེན། ཤིང་བཟོ་ཐབས་ཟད་ནས་ཆེད་དུ་ཤིང་ལྷམ་ཞིག་ལས་ཏེ་བྱམས་སྐུའི་དབུ་ཐོག་ཏུ་བཞག་པ་ནས་བཟུང་། བྱམས་སྐུ་དེ་སྐྱེས་ནས་ཉིས་ཐོག་གི་མཚམས་ལ་ཐོན་རྗེས་སྐྱེས་མཚམས་བཞག་པར་གྲགས། དེའི་སྟབས་ཀྱིས་དམངས་ཁྲོད་དུ་རྟེན་འདི་ལ་ལྷ་བྱམས་པ་རང་སྐྱེས་སམ་ལྷ་རང་སྐྱེས་ཀྱང་ཟེར། 

3 ཞིག་གསོ།

ལྷ་ཁང་འདིར་རབ་བྱུང་བཅུ་བཞི་པ་སྟེ་སྤྱི་ལོ1807ལོར་མེ་སྐྱོན་བྱུང་ལ། སྤྱི་ལོ1851ལོར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་། རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད། དེ་དུས་ཕ་བོང་སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་ལ། ཨོཾ་ཨཱཿཧཱུྃ་སྟེ་མཚན་མོ་འོད་འཕྲོ་བའི་རང་བྱོན་གྱི་ཡིག་འབྲུ་འདི་གསུམ་མི་སེར་གང་མང་གིས་མཐོང་བར་གྲགས། བྱམས་ཁང་གཉིས་ཡོད་པའི་གོང་མ་རྗེ་གསེར་ཁང་པས་ཞིག་གསོ་བྱས་ཏེ་རྟེན་དང་བརྟེན་པ་གསར་དུ་བཞེངས་ལ། རྙེ་རིན་པོ་ཆེའི་ཞལ་སྔ་ནས་རབ་གནས་གནང་བའི་ལོ་རྒྱུས་མཆིས། ལྷ་ཁང་བྱམས་པ་གཉིས་ལས་གཞན་འཇིགས་བྱེད་ལྷ་བཅུ་གསུམ་མམ་མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་རྗེ་གསེར་ཁང་པའི་སྐུ་བརྙན། གནས་བརྟན་བཅུ་དྲུག་དང་ཞིང་བཀོད་འགའ་རེ་ཡོད་ཀྱང་། ང་བརྒྱད་ལོ་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར། རབ་རྒྱན་ཆུ་སྤྲེལ་སྤྱི་ལོ1992ལོར་ལྷ་ཁང་འདི་ཉིད་བསྐྱར་བཞེངས་མཛད་པས། དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་ཡོད།