ཅོ་ཀསྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-24 16:27ལ་འགྲུབ།

ཅོ་ཀ

ཅོ་ཀ
ཅོ་ཀ་ནི་འཇོལ་མོའི་ནང་ཚན་ཅོ་ཀའི་ཁོངས་ཀྱི་བྱ་རིགས་ཡིན། རིགས་ཕལ་བ12ཡོད། ལུས་ཀྱི་རིང་ཚད་ལ་ཧ་ལམ་ལི་སྨི16ཡོད། ཆེ་ཆུང་མཆིལ་བ་ལས་ཆེ་ཙམ་ཡིན་ཞིང་ཐང་དུ་གནས་པའི་དཀར་རྒྱ་ནག་ཐིག་ཅན། མགོ་ལ་སྤུ་གཙུག་ཆུང་ཆུང་ཡོད་ཅིང་ལུས་སྟོད་ཀྱི་སྤུའམ་སག་སྒྲོ་ཕལ་ཆེ་བ་སྐྱ་བོ་ཡིན་ཞིང་དེ་ལ་ཁམ་སེར་མདོག་གི་ཐིག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小云雀
ལ་ཏིང་གི་སྐད།
Alauda gulgula
ཕྱི་ཡིག་གི་མིང་།
Oriental Skylark/Small Skylark
མིང་གཞན།
ཟླ་འོད། ཟླ་ཅན། བྱིའུ་ཅོ།
ཁམས།
སྲོག་ཆགས་ཁམས།
སྒོ
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
བྱ་སྐོར།
སྡེ།
བྱིའུ་སྡེ།
ཚན།
འཇོལ་མོའི་ཚན།
ཁོངས།
ཅོ་ཀ་ཁོངས།
རིགས།
ཅོ་ཀ
ཁྱབ་ཡུལ།
ཡ་ཨོའུ་སྐམ་ས་ཆེན་པོ་དང་ཧྥེ་གླིང་བྱང་ཕྱོགས་ས་ཁུལ། རྒྱ་གར་གྱི་སྐམ་ས་ཆེན་པོ་དང་ ཀྲུང་གོའི་ལྷོ་ནུབ་ས་ཁུལ་སོགས་ལ་ཁྱབ་ཡོད།
1 སྐྱེ་དབྱིབས།

ཅོ་ཀ་ནི་ཆེ་ཆུང་མཆིལ་བ་ལས་ཆེ་ཙམ་ཡིན་ཞིང་ཐང་དུ་གནས་པའི་དཀར་རྒྱ་ནག་ཐིག་ཅན། མགོ་ལ་སྤུ་གཙུག་ཆུང་ཆུང་ཡོད་ཅིང་ལུས་སྟོད་ཀྱི་སྤུའམ་སག་སྒྲོ་ཕལ་ཆེ་བ་སྐྱ་བོ་ཡིན་ཞིང་དེ་ལ་ཁམ་སེར་མདོག་གི་ཐིག་ཡོད། མགོ་དང་སྐེ་ལ་ནག་ཐིག་གསར་པོར་མངོན་ཞིང་། གཤོག་སྒྲོ་སེར་ནག་ལ་སྨུག་མདངས་ཅུང་ཟད་ཡོད་པ། མཇུག་མའི་སྒྲོའི་རིང་ཐུང་མཉམ་ཞིང་དཀྱིལ་ཁམ་སེར་དང་མཐའ་གཉིས་དཀར་པོ་ཡིན།  རྒྱུན་དུ་རྩྭ་ཐང་དང་སྤང་ལྗོངས་གསེབ་ཏུ་གནས་ཤིང་བར་སྣང་ལ་མཐོན་པོར་འཕུར་ནས་རང་སྐད་འབྱིན་པའོ།། དེའི་སྐད་ལ་ཡང་འགྱུར་བ་མང་ལ་ཟས་སུ་རྩྭའི་འབྲུ་ཟ་བ་ཡིན།

2 ཁྱབ་ཡུལ། 

ཡ་ཨོའུ་སྐམ་ས་ཆེན་པོ་དང་ཧྥེ་གླིང་བྱང་ཕྱོགས་ས་ཁུལ། རྒྱ་གར་གྱི་སྐམ་ས་ཆེན་པོ་དང་། དེ་བཞིན་དུ་ཀྲུང་གོའི་ལྷོ་ནུབ་ས་ཁུལ། དབུས་ལྷོ་ཕྱེད་གླིང་དང་ཀྲུང་གོའི་ཤར་ལྷོའི་མཚོ་རྒྱུད་ས་ཁུལ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་སོ་སོ་ལ་ཁྱབ་ཡོད།  

3 སྐྱེ་འཕེལ།

ཅོ་ཀའི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ནི་ཟླ4-7པའི་བར་ཡིན། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཆ་ནས་སྐྱེ་འཕེལ་བྱེད་པའི་དུས་ནི་བྱང་ཕྱོགས་ས་ཁུལ་ལས་ཅུང་སྔ། སྐྱེ་འཕེལ་བྱེད་སྐབས་ཐེངས་རེར་སྒོ་ང3-5གཏོང་བ་ཡིན་ལ་སྒོ་ངའི་ཁ་དོག་ནི་སྐྱ་བོའམ་དཀར་སྐྱ་ཡིན། སྒོ་ངའི་སྟེང་ཁྲ་ཐིག་སྨུག་པོའམ་ལྗང་སྐྱ་ཡོད། སྒོ་ངའི་ཆེ་ཆུང་ནི་ཧའོ་སྨི21.4×15.9ནས25×12ཡིན།

4 སྨན་རྒྱུ་ལས་སྣོན།

སྨན་ལ་ཀླད་པ་དང་སྒོ་ང་གཉིས་དགོས་ཤིང་། ཀླད་པ་མ་རུལ་བར་བསིལ་སར་སྐམ་ནས་སྤྱོད་རྒྱུ། སྒོ་ང་ཡང་མ་རུལ་བར་སྐམ་པོ་བཟོས་ཏེ་ཉར་ཚགས་བྱས་ནས་བེད་སྤྱོད་བྱེད་སྐབས་ཕྱི་པགས་དོར་དགོས།

5 རོ་ནུས་ཞུ་རྗེས།

ཀླད་པ་དང་སྒོ་ང་གཉིས་ཀ་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བ་ཡིན། 

6 རྐྱང་པའི་ཕན་ཡོན།

ཀླད་པས་ངག་ལྐུགས་པ་འབྱེད་པ་དང་། སྒོ་ང་ཟས་དུག་སོགས་དུག་རིགས་ལ་ཕན།