སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོ་བར་ཀྲུང་ནན་ནགས་ལས་སློབ་གླིང་གི་ནགས་ཚན་ཁག་གི་ནགས་རིག་པའི་ཆེད་ལས་སུ་སློབ་སྦྱོང་གནང་།
སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོ་བར་ཀོང་ཞི་ཧོང་ཁྲི་ནགས་རའི་ལས་བྱེད་པ་བྱས།
སྤྱི་ལོ1985ལོ་ནས་སྤྱི་ལོ1988ལོ་བར་ཀྲུང་ནན་ནགས་ཚལ་སློབ་གླིང་གི་ནགས་རིག་ཚན་ཁག་གི་ནགས་ཚལ་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱས།
སྤྱི་ལོ1988ལོ་ནས་སྤྱི་ལོ1990ལོའི་བར་ཀྲུང་གོའི་ནགས་ལས་ཚན་རིག་ཁང་མི་དོན་ཁྲུའུ་ཡི་ལས་བྱེད་པ་བྱས།
སྤྱི་ལོ1990ལོ་ནས་སྤྱི་ལོ1991ལོའི་བར་ཀྲུང་གོའི་ནགས་ལས་ཚན་རིག་ཁང་གི་མི་དོན་ཁྲུའུ་ཡི་ཁྲུའུ་རིམ་པའི་ལྟ་ཞིབ་པ་གཞོན་པའི་འགན་ཁུར།
སྤྱི་ལོ1991ལོ་ནས་སྤྱི་ལོ1991ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་དཔལ་འབྱོར་ཚན་རྩལ་ལས་བྱེད་ཅུའུ་ཡི་ཁྲུའུ་གསུམ་པའི་ལས་བྱེད་པ་བྱས།
སྤྱི་ལོ1991ལོ་ནས་སྤྱི་ལོ1994ལོའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་དཔལ་འབྱོར་ཚན་རྩལ་ལས་བྱེད་ཅུའུ་ཡི་ཁྲུའུ་གསུམ་པའི་ཁྲུའུ་རིམ་པ་གཞོན་པའི་བརྟག་ཞིབ་པ་བྱས།
སྤྱི་ལོ1994ལོ་ནས་སྤྱི་ལོ1998ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་དཔལ་འབྱོར་ཚན་རྩལ་ལས་བྱེད་ཅུའུ་ཡི་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།
སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་དཔལ་འབྱོར་ཚན་རྩལ་ལས་བྱེད་ཅུའུ་ཡི་ཁྲུའུ་རིམ་པ་གསུམ་པའི་བརྟག་ཞིབ་པ་དང་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།
སྤྱི་ལོ1999ལོ་ནས་སྤྱི་ལོ2000ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་དཔལ་འབྱོར་ཚན་རྩལ་ལས་བྱེད་པ་ཅུའུ་ཡི་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་མི་དོན་ཅུའུ་ཡི་འགོ་འཛིན་གཞོན་པའི་འགན་ཁུར།
སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་མི་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ལས་ཁུངས་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར།
སྤྱི་ལོ2003ལོ་ནས་སྤྱི་ལོ2003ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི། ལས་ཁུངས་མི་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ལས་ཁུངས་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར།
སྤྱི་ལོ2003ལོ་ནས་སྤྱི་ལོ2005ལོའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི། ལས་ཁུངས་མི་དོན་ཅུའུ་ཡི་འགོ་འཛིན་གཞོན་པ་བཅས་ཀྱི་འགན་ཁུར།
སྤྱི་ལོ2005ལོ་ནས་སྤྱི་ལོ2008ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ཏང་ཨུའི་སྐོར་ཞིབ་པ་དང་། ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།
སྤྱི་ལོ2008ལོ་ནས་སྤྱི་ལོ2008ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དང་། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།
སྤྱི་ལོ2008ལོ་ནས་སྤྱི་ལོ2010ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2010ལོ་ནས་སྤྱི་ལོ2015ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལས་བྱེད་ཅུའུ་གསུམ་པའི་ཅུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོ་བར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2018ལོ་ནས་སྤྱི་ལོ2022ལོ་བར་ཐེན་ཅིན་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2022ནས་ཐེན་ཅིན་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར།
ད་ལྟ་ཐེན་ཅིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།
ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི། ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་འཐུས་མི། ཐེན་ཅིན་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།
སྤྱི་ལོ2023ལོའི་ཟླ1པོའི་ཚེས15ཉིན་ཐེན་ཅིན་གྲོང་ཁྱེར་གྱི་སྐབས་བཅོ་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཡུའུ་ཡུན་ལིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་འདེམས་བསྐོ་བྱས།