ལི་ཧྲང་ཕུའུ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2024-07-23 11:14ལ་འགྲུབ།

ལི་ཧྲང་ཕུའུ།

ལི་ཧྲང་ཕུའུ།
ཁོང་ནི་​སྤྱི་ལོ1958ལོའི་ཟླ2པར་སི་ཁྲོན་ཁྲིན་ཏུའུ་ནས་སྐྱེས། ཅང་ཞི་ཞིན་གོའི་མི་ཡིན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཀྲུང་ཅང་དམག་མིའི་གོ་རྟགས་ཐོབ་ཡོད། ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李尚福
སྐྱེས་ལོ།
​སྤྱི་ལོ1958ལོའི་ཟླ2པ།
སྐྱེས་ཡུལ།
སི་ཁྲོན་ཁྲིན་ཏུའུཞ
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
རྒྱལ་སྲུང་ཚན་རྩལ་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1958ལོའི་ཟླ2པར་སི་ཁྲོན་ཁྲིན་ཏུའུ་ནས་སྐྱེས། ཅང་ཞི་ཞིན་གོའི་མི་ཡིན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཀྲུང་ཅང་དམག་མིའི་གོ་རྟགས་ཐོབ་ཡོད།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་སྒྲིག་ཆས་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

1_1 བྱ་བའི་བརྒྱུད་རིམ།

དེ་སྔར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག63790དམག་དཔུང་གི་དམག་སྤྱི་གཞོན་པའི་འགན་བཞེས་མྱོང་། ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཀྲུའུ་རེན། ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་དམག་སྤྱི། ཟླ་བའི་གོ་ལར་སྐོར་བའི་འཕེན་གཏོང་ས་ཚིགས་ནས་རྟོག་ཞིབ་ཚད་ལེན་བྱེད་པའི་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པ། ཁྲང་ཨུག་གཉིས་པའི་འཕེན་གནས་ཁུལ་གྱི་བཀོད་འདོམས་པུའི་བཀོད་འདོམས་འགོ་ཁྲིད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་དམག་ཆས་པུའུ་དམག་སྤྱི་ཁང་གི་དྲག་ཇུས་དམག་དཔོན་སོགས་ཀྱི་འགན་ཁུར་མྱོང་།

སྤྱི་ལོ2013ལོ་ནས2014ལོའི་བར། སྤྱིའི་དམག་ཆས་པུའུ་དམག་སྤྱི་ཁང་གི་དྲག་ཇུས་དམག་དཔོན་གྱི་འགན་བཞེས།

སྤྱི་ལོ2014ལོ་ནས2016ལོའི་ཟླ2པའི་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་དམག་ཆས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། (དམག་སྤྱི་གཞོན་པའི་རིམ་པ)

སྤྱི་ལོ2016ལོའི་ཟླ2པ་ནས2017ལོའི་ཟླ9པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་གཞོན་པ་དང་དྲག་ཇུས་དམག་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2017ལོའི་ཟླ9བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་དམག་ཆས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2017ལོའི་ཟླ9པའི་ཚེས18ཉིན། སྐབས་གསུམ་པའི་སྒྲིག་ཆས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་རྩལ་མཐོན་པོའི་གྲུབ་འབྲས་ཀྱི་འགྲེམ་སྟོན་དང་གླེང་སྟེགས་བྱེད་སྒོ་སྤེལ་འགོ་ཚུགས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་དམག་ཆས་པུའུ་ཡི་པུའུ་ཀྲང་ལི་ཧྲང་ཕུའུ། ཆབ་སྲིད་ཨུ་ཡོན་ཨན་ཀྲའི་ཆིང་སོགས་འགོ་ཚུགས་མཛད་སྒོར་ཕེབས།

2 གོ་གནས་བསྐོ་འཐེན།

ཀྲུང་གུང་སྐབས་བཅུ་དགུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི(བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང)བཅས་ཀྱི་འགན་བཞེས།




དཔྱད་གཞིའི་ཡིག་ཆ།