ལུའོ་ཀྲའོ་ཆང་ད་ལྟ་ཀྲུང་ཁྲེ་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་བཟོ་སྐྲུན་ལྟེ་གནས་ཀྱི་ཚོད་ལྟའི་འཁོར་ཁང་གི་མཐོ་རིམ་བརྟག་དཔྱད་ཚོགས་ཆུང་གི་བཟོ་བ་ཡིན།
ལས་ཀ་བྱས་ནས་ལོ29སོང་རིང་ལ་ལུའོ་ཀྲའོ་ཆང་གིས་གསར་གཏོད་ཁེ་བེད་བདག་ཐོབ་ཁག4དང་། དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ7ལེགས་སྒྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཁག15རེ་ཞུ་བྱས་པ་རིམ་རྩིས་བྱས་ན་ཁེ་ལས་ལ་མ་གནས་སྒོར་ཁྲི་སྟོང་ཙམ་གྲོན་ཆུང་བྱས་ཡོད།
སྤྱི་ལོ2015ལོའི་ཟླ7པའི་ཚེས17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཀྲུང་ཁྲེ་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་མྱུར་བགྲོད་ལྕགས་ལམ་རྟེན་གཞིར་གཟིགས་ཞིབ་གནང་བ་དང་། ལུའོ་ཀྲའོ་ཆང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་བཟོ་པའི་ཕུལ་བྱུང་འཐུས་མིའི་གྲས་ཤིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་གནང་བ་རེད།
སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་དང་། ཀྲུང་ཧྭའི་རྩལ་ནུས་བྱ་དགའ་ཆེན་པོ། རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པ། ཅི་ལིན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་། “ཅི་ལིན་གྱི་ལག་ཤེས་པ” མེ་འཁོར་གྱི་མགོའི་གཟེངས་རྟགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པ། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ནང་ཞུགས་མཁན་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ10ཡི་གྲས་ཡིན་པ་དང་། སྣེ་ཁྲིད་བྱས་པའི“ལུའོ་ཀྲའོ་ཆང་གི་རྒྱལ་ཁབ་རྩལ་ནུས་མཁས་པའི་ལས་དོན་ཁང”ལ་རྒྱལ་ཡོངས་ཀྱི་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ་ཡོད།
སྤྱི་ལོ2018ལོའི་ཟླ4པའི་ཚེས28ཉིན། “རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།
སྤྱི་ལོ2020ལོའི་ཟླ11པར།“སྤྱི་ལོ2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པའི”གཟི་བརྗིད་གཟེངས་བསྟོད་ཐོབ།
སྤྱི་ལོ2021ལོའི་ཟླ5པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་གཟེངས་བསྟོད་བྱ་བར་གཏན་འཁེལ་བྱས།
སྤྱི་ལོ2021ལོའི་ཟླ6པར། “རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་སྤྲད།