ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང120པ)སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང120པ)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང120པ)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང120པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཕེང་གིས་སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན་ཆོག་མཆན་བཀོད་ནས་གནང་། བཀའ་རྒྱ་ཨང120པ《ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ནི《ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་གཏན་འབེབས་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国务院令(第120号)
མཆན་བཀོད་དུས་ཚོད།
སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན།
འགྲེམ་གཏོང་ཡིག་ཨང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང120པ།
ལག་བསྟར་དུས་ཚོད།
སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན།
ཡིག་གཏོང་ལས་ཁུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
1 ​འགྲེམ་བསྒྲགས་ཆ་འཕྲིན། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང120པ།

ད་ལྟ《ས་ཆུ་སྲུང་འཛིན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱས། 

ཙུང་ལི་ལི་ཕེང་།

སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན།

2 སྲོལ་ཡིག་ཆ་ཚང་། 

ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། 《ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(གཤམ་དུ་བསྡུས་མིང་ལ《ས་ཆུ་སྲུང་འཛིན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཞེས་བསྡུས་ཡོད)ཀྱི་གཏན་འབེབས་གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྡེ་ཚན་དང་སྐྱེ་བོ་ཚང་མར་གཤམ་གསལ་ས་ཆུའི་ཐོན་ཁུངས་གཏོར་བཤིག་བཏང་ནས་ས་ཆུ་ཤོར་བའི་བྱ་སྤྱོད་སྤེལ་མཁན་སྡེ་ཚན་དང་མི་སྒེར་གང་རུང་ཞིག་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཐེར་འདོན་བྱེད་དབང་ཡོད།

(གཅིག)ཁྲིམས་འགལ་གྱིས་ནགས་ཚལ་གཏོར་བརླག་གཏོང་བའམ་ཡང་ན་རྩྭ་ཐང་གཏོར་བརླག་བཏང་ནས་ས་རྒོད་བསློགས་ཏེ་སྔོ་ཁེབས་གཏོར་བརླག་བཏང་རིགས་དང་།

(གཉིས)ཁྲིམས་འགལ་གྱིས་ས་རྒོད་སློག་པའི་རིགས།

(གསུམ)གཙང་པོ་དང་། མཚེའུ། ཆུ་མཛོད། གསོག་འཇོག་བྱེད་ས་བཅས་ཕུད་པའི་ཡུར་བུར་བྱེ་མ་དང་། རྡོ། ས་ཞིང་བཅས་སམ་གཏེར་སྙིགས་ཀྱི་སྙིགས་རོ་བསྐྱུར་རིགས།

(བཞི)ས་ཆུ་སྲུང་འཛིན་སྒྲིག་བཀོད་གཏོར་བཤིག་བཏང་རིགས།

(ལྔ)ས་ཆུའི་ཐོན་ཁུངས་ལ་གནོད་སྐྱོན་བཏང་ནས་ཆུ་དང་ས་ཆ་ཤོར་བའི་བྱ་སྤྱོད་གཞན་དག་ཡོད་པ་བཅས་ཡིན།

དོན་ཚན་གསུམ་པ། ཆུ་ཤོར་ཚུལ་འགོག་བཅོས་བྱེད་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུ་ཤོར་ཚུལ་འགོག་བཅོས་བྱེད་པའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་དགོས།

དོན་ཚན་བཞི་པ། ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་བཙུགས་པའི་ས་ཆུ་སྲུང་འཛིན་ལས་ཁུངས་ཀྱིས《ས་ཆུ་སྲུང་འཛིན་བཅའ་ཁྲིམས》དང་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ས་ཆུ་སྲུང་འཛིན་ལས་ཀའི་འགན་དབང་སྤྱད་ཆོག

དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་ས་ཆུ་སྲུང་འཛིན་གྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ལས་འགན་དག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་བཅུག་སྟེ་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་དང་ལག་བསྟར་སྒྲིག་འཛུགས་བྱ་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ས་ཆུ་ཤོར་ཁུལ་གྱི་དབུལ་སྐྱོར་མ་དངུལ་དང་། རྒུད་གསབ་ལས་སྤྲོད་ཀྱི་མ་དངུལ། ཞིང་ལས་གོང་སྤེལ་ཐེབས་རྩ་སོགས་ཀྱི་མ་དངུལ་ཁག་ཅིག་ས་ཆུ་སྲུང་འཛིན་བྱེད་པར་སྤྱད་ཆོག

དོན་ཚན་དྲུག་པ། ས་ཆུ་ཤོར་ཚུལ་འགོག་བཅོས་བྱེད་ཁུལ་གཙོ་བོ་ནི་རྒྱལ་ཁབ་དང་། ཞིང་ཆེན། རྫོང་བཅས་རིམ་པ་གསུམ་ལ་གཞིགས་ནས་དབྱེ་འབྱེད་བྱ་རྒྱུ་དང་། ཁྱབ་ཁོངས་ཞིབ་ཕྲ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བཏོན་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུ་དང་འབྲེལ་སྤྱི་བསྒྲགས་ཀྱང་བྱ་དགོས། 

ས་ཆུ་ཤོར་ཚུལ་འགོག་བཅོས་བྱེད་ཁུལ་གཙོ་བོ་དེ་གཙོ་གནད་སྔོན་འགོག་སྲུང་སྐྱོང་ཁུལ་དང་། ལྟ་སྐུལ་བྱེད་ཁུལ་གཙོ་བོ། བཅོས་སྐྱོང་བྱེད་ཁུལ་གཙོ་བོ་བཅས་སུ་དབྱེ་ཆོག

དོན་ཚན་བདུན་པ། ས་ཆུ་ཤོར་ཚུལ་ཚབས་ཆེ་བའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་དགོས་མཁོར་གཞིགས་ཏེ་ས་ཆུ་སྲུང་འཛིན་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཙུགས་ཆོག་པའམ་འབྲེལ་ཡོད་སློབ་གྲྭ་དང་སློབ་གྲྭར་ས་ཆུ་སྲུང་འཛིན་གྱི་ཆེད་ལས་འཛུགས་གཉེར་བྱས་ཆོག སློབ་གྲྭ་འབྲིང་ཆུང་གི་འབྲེལ་ཡོད་སློབ་ཚན་ནང་ས་ཆུ་སྲུང་འཛིན་ཐད་ཀྱི་ནང་དོན་ཚུད་དགོས།

ལེའུ་གཉིས་པ། སྔོན་འགོག་བྱེད་ཕྱོགས་སྐོར།

དོན་ཚན་བརྒྱད་པ། རི་ཁུལ་དང་། རི་མ་ཐང་། བྱེ་རླུང་འཚུབ་ཁུལ་བཅས་ཀྱི་ས་གནས་མི་དམངས་སྲིད་གཞུང་གིས་སྨན་འདོན་པའི་གྲོང་ཚོ་དང་། དར་འབུ་གསོ་བ། སོལ་བ་སྲེག་པ། སོ་ཕག་སོགས་ཞོར་ལས་ཐོན་སྐྱེད་བྱེད་མཁན་སྡེ་ཚན་དང་མི་སྒེར་ལ་ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་བླང་བྱ་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་སྤྱད་དེ་ས་ཆུ་ཤོར་ཚུལ་དང་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་མི་འགྲོ་བར་བྱ་དགོས།

དོན་ཚན་དགུ་པ། ས་ཆུ་ཤོར་ཚབས་ཆེ་བ་དང་རྩྭ་ར་ཉུང་བའི་ས་ཁུལ་དུ་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་བྱེད་ཐབས་སྤྱད་དེ་ཕྱུགས་གསོས་ནས་བྱེས་སུ་ཕྱུགས་འཚོ་བའི་གོམས་སྲོལ་བསྒྱུར་དགོས།

དོན་ཚན་བཅུ་པ། ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཡུལ་བབ་དང་བསྟུན་ནས་བུད་ཤིང་དང་སོལ་བ་ཐོན་སའི་ནགས་ཚལ་བཟོ་བའི་སྒྲིག་འཛུགས་དང་། ཆུ་གློག་ཆུང་གྲས་དང་རླུང་ཤུགས་ལ་བརྟེན་ནས་གློག་འདོན་པ། རྫབ་རླངས་གོང་སྤེལ།ཉི་ནུས་བེད་སྤྱོད། ནུས་ཁུངས་གྲོན་ཆུང་གི་ཐབ་ཀ་ཁྱབ་སྤེལ་བཅས་བྱ་དགོས།

དོན་ཚན་བཅུ་གཅིག་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ལག་བསྟར་མ་བྱས་གོང་དུ་བསློགས་མི་ཆོག་པའི་གྱེན་ངོས་སུ་ལོ་ཏོག་བཏབ་རིགས་ཀྱིས་བདེ་ཐང་ངམ་ཡང་ན་རི་ལྡེབས་སུ་གཞི་རྩའི་ཞིང་ཁ་འཛུགས་སྐྲུན་བྱས་ནས་ཐོན་སྐོར་ཆེ་རུ་བཏང་སྟེ་གསར་སྦོལ་བྱས་ཟིན་པའི་གྱེན་ངོས་ཀྱི་རྨོ་ཞིང་རྣམས་རིམ་བཞིན་ཞིང་དོར་ནས་ཤིང་འཛུགས་རྩྭ་འདེབས་བྱ་དགོས་པ་དང་། རྨོ་བསྐྱུར་བྱ་རྒྱུར་དཀའ་ངལ་ངོ་མ་ཡོད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་སྐས་ཞིང་དུ་བཟོ་རྒྱུའམ་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་གཞན་དག་སྤྱོད་དགོས།

དོན་ཚན་བཅུ་གཉིས་པ། བཅའ་ཁྲིམས་ལྟར་ས་རྒོད་གསར་སྦོལ་བྱེད་རེ་ཞུ་སྐབས་ངེས་པར་དུ་དུས་མཚུངས་སུ་ས་ཆུ་ཤོར་ཚུལ་སྔོན་འགོག་བྱེད་ཐབས་བཏོན་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་དེའི་ཁོངས་གཏོགས་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་བཅུ་གསུམ་པ། ནགས་ཁུལ་དུ་ནགས་ཤིང་གཅོད་དགོས་ཚེ་ཤིང་གཅོད་ཀྱི་འཆར་གཞིའི་ནང་ངེས་པར་དུ་ཤིང་གཅོད་ཁུལ་གྱི་ས་ཆུ་སྲུང་འཛིན་བྱ་ཐབས་ཡོད་དགོས།ནགས་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཤིང་གཅོད་ཇུས་གཞིར་ཆོག་མཆན་བཀོད་རྗེས་ཤིང་གཅོད་ཇུས་གཞི་དེ་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་བཤུས་འབུལ་བྱས་ཏེ་སྔོག་འདོན་ཚབ་བྱེད་ས་ཁུལ་གྱི་ས་ཆུ་སྲུང་འཛིན་བྱ་ཐབས་མཉམ་དུ་ལྟ་སྐུལ་བྱ་དགོས།

དོན་ཚན་བཅུ་བཞི་པ། རི་ཁུལ་དང་། རི་མ་ཐང་། བྱེ་རླུང་འཚུབ་ཁུལ་བཅས་སུ་ལྕགས་ལམ་དང་། གཞུང་ལམ། ཆུ་བེད་བཟོ་སྐྲུན་བཅས་བསྐྲུན་ནས་གཏེར་རིའི་ཁེ་ལས་དང་། གློག་ཤུགས་ཀྱི་ཁེ་ལས་དང་དེ་མིན་གྱི་བཟོ་ལས་ཁེ་ལས་ཆེ་འབྲིང་འཛུགས་གཉེར་བྱེད་སྐབས་དེའི་ཁོར་ཡུག་ལ་གནོད་སྐྱོན་འབྱུང་མིན་སྐོར་གྱི་སྙན་ཞུའི་ནང་འཁོད་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་དག་ངེས་པར་དུ་སྔོན་ལ་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཞིབ་བཤེར་བྱས་ཏེ་མོས་མཐུན་ཡོང་བ་བྱ་དགོས།

རི་ཁུལ་དང་། རི་མ་ཐང་། བྱེ་རླུང་ཁུལ་བཅས་སུ་ཁྲིམས་ལྟར་ཞང་དང་གྲོང་བརྡལ་གྱི་ཐུན་མོང་གཏེར་ཁའི་ཁེ་ལས་འཛུགས་གཉེར་དང་། ཁེར་རྐྱང་གིས་གཏེར་རི་སྔོག་འདོན་བྱེད་པའི་ཁེ་ལས་དང་ཁེར་རྐྱང་གིས་གཏེར་ཁ་སྔོག་འདོན་བྱེད་པའི་རེ་འདུན་ཞུ་བར་ངེས་པར་དུ“ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་སྙན་ཞུའི་རེའུ་མིག”འབྲི་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་གཏེར་ཁ་སྔོག་འདོན་བྱེད་པའི་འགྲོ་ལུགས་འགྲིམ་རྒྱུའི་རེ་འདུན་ཞུས་ཆོག

འཛུགས་སྐྲུན་ལས་གྲྭའི་ནང་གི་ས་ཆུ་སྲུང་འཛིན་སྒྲིག་བཀོད་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ཞུགས་དགོས་པ་མ་ཟད་བསམ་འཆར་འགོད་དགོས།ས་ཆུ་སྲུང་འཛིན་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་མ་ལོངས་པ་རྣམས་འཛུགས་སྐྲུན་ལས་གྲྭ་ཐོན་སྐྱེད་དང་བེད་སྤྱོད་བྱས་མི་ཆོག

ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཆོག་མཆན་ཞུ་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་དགོས། 

དོན་ཚན་བཅོ་ལྔ་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ལག་བསྟར་མ་བྱས་གོང་ལ་བཙུགས་ཟིན་པའམ་སྐྲུན་བཞིན་པ་མ་ཟད་ས་ཆུ་ཤོར་ཚུལ་བཟོས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན། ཐོན་སྐྱེད་འཛུགས་སྐྲུན་སྡེ་ཚན་གྱིས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ས་ཆུ་ཤོར་ཚུལ་འགོག་བཅོས་བྱེད་ཐབས་འདོན་དགོས།

ལེའུ་གསུམ་པ། བཅོས་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ལ་དབང་བའི་ཞིང་ར་དང་། ནགས་ར། འབྲོག་ར། ཞིང་ལས་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅས་དང་ཞིང་པ་སྒྲིག་འཛུགས་བྱས་ཏེ་གསར་སྦོལ་བྱས་མི་ཆོག་པའི་གཟར་ཚད་མན་གྱི་རི་ལྡེབས་རྨོ་ཞིང་ལ་ས་ཆུ་སྲུང་འཛིན་གྱི་འཆར་འགོད་ལྟར་ཆུ་སྙོམ་ཐབས་ཀྱི་སྐས་ཞིང་དང་ཆུ་གསོག་ས་སྲུང་གི་ལས་གྲྭ་བཟོ་སྐྲུན་བྱ་དགོས་པ་དང་། ཆུ་འབུད་མ་ལག་བཅོས་སྒྲིག་བྱས་ནས་ས་ཆུ་ཤོར་ཚུལ་བཅོས་སྐྱོང་བྱ་དགོས།

དོན་ཚན་བཅུ་བདུན་པ། ས་ཆུ་ཤོར་བའི་ས་ཁུལ་གྱི་ཐུན་མོང་ལ་དབང་བའི་ས་ཞིང་སྒེར་ལ་འགན་གཙང་ལེན་བྱས་ཏེ་བེད་སྤྱོད་བྱེད་དུ་བཅུག་པ་ཡིན་ན། ཆུ་ཤོར་བའི་ས་ཞིང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དེ་འགན་གཙང་ལེན་གྱི་གན་རྒྱའི་ནང་འཇུག་དགོས།ས་གནས་ཞང་དང་། མི་རིགས་ཞང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་འགན་གཙང་ལེན་པའི་གན་རྒྱ་ལག་ལེན་བསྟར་བར་ལྟ་སྐུལ་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། རི་རྒོད་དང་། ས་རྒོད་ལུང་ཤུར། ས་རྒོད་རི་མ་ཐང་། ས་རྒོད་གྲམ་ངོགས་བཅས་ཀྱི་ས་ཆུ་ཤོར་ཚུལ་ཞིང་པ་མི་སྒེར་དང་དུད་སྦྲེལ་ཆེད་ལས་རུ་ཁག་གིས་འགན་གཙང་བླངས་ནས་བཅོས་སྐྱོང་བྱས་ཆོག་ལ། ཁེ་ལས་དང་བྱ་ལས་སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་མ་དངུལ་བཞག་ནས་ངལ་རྩོལ་ལ་ཞུགས་ཏེ་མ་རྐང་དུ་བཞག་ནས་བཅོས་སྐྱོང་བྱས་ཀྱང་ཆོག

འགན་གཙང་བླངས་ནས་བཅོས་སྐྱོང་བྱེད་པར་འགན་གཙང་སྤྲོད་མཁན་ཕྱོགས་དང་འགན་གཙང་ལེན་མཁན་ཕྱོགས་གཉིས་ཀྱིས་འགན་གཙང་བླངས་པའི་བཅོས་སྐྱོང་གན་རྒྱ་འཇོག་དགོས།འགན་གཙང་བླངས་པའི་དུས་ཡུན་ནང་འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་ཐོབ་རྗེས་འགན་གཙང་བླངས་པའི་བཅོས་སྐྱོང་གན་རྒྱ་དེ་ཕུང་གསུམ་པར་བཤུག་སྤྲོད་བྱས་ཆོག

དོན་ཚན་བཅུ་དགུ་པ། ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་རིང་ས་ཆུ་ཤོར་ཚུལ་བཟོས་ན་བཅོས་སྐྱོང་བྱེད་འགན་འཁུར་དགོས།ལག་རྩལ་སོགས་ཀྱི་རྐྱེན་པས་རང་ཉིད་ཀྱིས་བཅོས་སྐྱོང་བྱེད་ནུས་མེད་ན། འགོག་བཅོས་གྲོན་དངུལ་སྤྲད་དེ་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩ་འཛུགས་བྱས་ནས་བཅོས་སྐྱོང་བྱ་དགོས།འགོག་སེལ་གྲོན་དངུལ་བསྡུ་བའི་ཚད་གཞི་དང་བེད་སྤྱོད་དོ་དམ་བྱེད་ཐབས་ནི་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྡེ་ཁག་དང་ཟོག་གོང་གཙོ་སྐྱོང་སྡེ་ཁག་གིས་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་དགོས། 

དོན་ཚན་ཉི་ཤུ་པ།ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་མ་དངུལ་བཞག་ནས་བཟོས་པའི་ས་ཆུ་སྲུང་འཛིན་ནགས་ཚལ་དང་། ལྟག་ཆུ་བསྐྱིལ་གསོག་ནགས་ཚལ། རླུང་འགོག་བྱེ་འཇགས་ནགས་ཚལ་བཅས་ལ་གསོ་སྐྱོང་དང་གསར་བཅོས་ཀྱི་ངོ་བོ་ལྡན་པའི་ཤིང་གཅོད་སྐབས་བླངས་པའི་ནགས་གསོའི་ཐེབས་རྩ་དེ་ས་ཆུ་སྲུང་འཛིན་གྱི་ནགས་ཚལ་དང་། ལྟག་ཆུ་བསྐྱིལ་གསོག་ནགས་ཚལ་དང་རླུང་འགོག་བྱེ་འཇགས་ནགས་ཚལ་བཅས་བཟོ་བར་སྤྱོད་དགོས།

དོན་ཚན་ཉེར་གཅིག་པ།ས་ཆུ་སྲུང་འཛིན་སྒྲིག་བཀོད་དང་ནགས་ཤིང་བཏབ་རིགས་རྣམས་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་ལྟར་ཞིབ་བཤེར་རྩིས་ལེན་བྱ་དགོས་པ་དང་། ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རིགས་ལ་ཡིག་ཚགས་བཟོ་བ་དང་། མཚོན་རྟགས་བཟོ་བ། དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཅས་བྱེད་དགོས།

སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་གཏོར་བཤིག་གཏོང་བའམ་བཙན་བཟུང་བྱས་མི་ཆོགཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་རིང་ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་ལ་གཏོར་སྐྱོན་བཏང་ན་སྐྱིན་ཚབ་འཇལ་དགོས།

ལེའུ་བཞི་པ། ལྟ་སྐུལ་བྱེད་ཕྱོགས།

དོན་ཚན་ཉེར་གཉིས་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་པའི་ནང་འཁོད་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་དྲ་བ་ཞེས་པ་ནི་རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། གཙང་པོ་དང་ཆུ་བོ་ཆེན་པོ་འབབ་རྒྱུད་ཀྱི་ས་ཆུ་སྲུང་འཛིན་ལྟེ་གནས་ས་ཚིགས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས་དང་དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཙོ་གནད་འགོག་བཅོས་ཁུལ་གྱི་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་ཡན་ལག་ས་ཚིགས་བཅས་ལ་ཟེར།

ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་དྲ་བའི་དོ་དམ་བྱ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས། 

དོན་ཚན་ཉེར་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་ས་ཆུ་སྲུང་འཛིན་ལྟ་ཞིབ་ཚད་ལེན་བྱས་ཚུལ་སྤྱི་བསྒྲགས་བྱ་དགོས། སྤྱི་བསྒྲགས་ནང་གཤམ་གསལ་གྱི་དོན་ཚན་ཚུད་དགོས་པ་སྟེ།

(གཅིག)ས་ཆུ་ཤོར་ཚད་དང་། ཁྱབ་ཚུལ། ཤོར་ཚད་བཅས་དང་།

(གཉིས)ས་ཆུ་ཤོར་ནས་བཟོས་པའི་གནོད་འཚེ་དང་དེའི་འཕེལ་ཕྱོགས།

(གསུམ)ས་ཆུ་ཤོར་ཚུལ་འགོག་བཅོས་བྱས་ཚུལ་དང་དེའི་ཕན་འབྲས་བཅས་ཡིན།

དོན་ཚན་ཉེར་བཞི་པ། ས་ཆུ་ཤོར་ཚུལ་འགོག་བཅོས་ཀྱི་ལས་འགན་འཁུར་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་དུས་བཀག་ལྟར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྡེ་ཚན་དེ་གའི་ས་ཆུ་ཤོར་ཚུལ་འགོག་བཅོས་བྱས་ཚུལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ཁོངས་གཏོགས་ཆུ་བེད་དོ་དམ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས《ས་ཆུ་སྲུང་འཛིན་བཅའ་ཁྲིམས》དང་སྲོལ་ཡིག་འདི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།ས་ཆུ་སྲུང་འཛིན་ལྟ་སྐུལ་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་སྐབས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གནང་བའི་ས་ཆུ་སྲུང་འཛིན་ལྟ་སྐུལ་ཞིབ་བཤེར་ལག་ཁྱེར་ཡོད་དགོས།

ལེའུ་ལྔ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་ཉེར་དྲུག་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ་ཁྲིམས་འགལ་གྱིས་གསར་སྦོལ་བྱས་པའི་རི་ལྡེབས་ལ་སྨི་གྲུ་བཞི་མ་རེར་སྒོར་གཅིག་ནས་གཉིས་བར་ཡིན།

དོན་ཚན་ཉེར་བདུན་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་སོ་གསུམ་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ་དངུལ་ཆད་ཀྱི་ཚད་གཞི་ནི་རང་མཚམས་ཀྱིས་གསར་སྦོལ་བྱས་པའི་རི་ལྡེབས་ལ་སྨི་གྲུ་བཞི་མ་རེར་སྒོར་ཀླད་ཀོར་དང་ལྔ་ནས་སྒོར་གཅིག་བར་ཡིན།

དོན་ཚན་ཉེར་བརྒྱད་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས་》ཀྱི་དོན་ཚན་སོ་བཞི་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ་དངུལ་ཆད་སྒོར་ལྔ་བརྒྱ་ཡན་དང་སྒོར་ལྔ་སྟོང་མན་གཅོད་དགོས། 

དོན་ཚན་ཉེར་དགུ་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔ་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ་དངུལ་ཆད་གཅོད་ཚད་ནི་ས་ཆུ་ཤོར་ཁྱོན་སྨི་གྲུ་བཞི་མ་རེར་སྒོར་གཉིས་ནས་ལྔ་བར་ཡིན།

དོན་ཚན་སུམ་ཅུ་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་རིགས་ལ་དངུལ་ཆད་སྒོར་ཆིག་སྟོང་ཡན་དང་སྒོར་ཆིག་ཁྲི་མན་གཅོད་དགོས། 

དོན་ཚན་སོ་གཅིག་པ། ས་ཆུ་སྲུང་འཛིན་གྱི་སྒྲིག་བཀོད་གཏོར་བཤིག་བཏང་རུང་ཉེས་དོན་ཐད་ཀྱི་ཉེས་ཆད་གཅོད་ཚད་དུ་སླེབས་མེད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས《བདེ་སྐྱོང་དོ་དམ་གྱི་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་དགོས།

དོན་ཚན་སོ་གཉིས་པ། 《ས་ཆུ་སྲུང་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྐྱིན་ཚབ་འཇལ་འགན་དང་སྐྱིན་ཚབ་འཇལ་གྲངས་ཐད་ཀྱི་རྩོད་གཞི་ཐག་གཅོད་བྱེད་རེ་ཞུས་ན། རེ་འདུན་ཞུ་ཡིག་འབུལ་དགོས།རེ་འདུན་ཞུ་བའི་སྙན་ཞུའི་ནང་གཤམ་གསལ་གྱི་དོན་ཚན་ཚུད་དགོས་པ་སྟེ།

(གཅིག)དོ་བདག་གི་གཞི་རྩའི་གནས་ཚུལ་དང་།

(གཉིས)ས་ཆུ་ཤོར་བའི་གནོད་འཚེ་ཕོག་པའི་དུས་ཚོད་དང་། ས་གནས། ཁྱབ་ཁོངས།

(གསུམ)གྱོང་གུན་གྱི་གསལ་ཐོ།

(བཞི)བདེན་དཔང་།

དོན་ཚན་སོ་གསུམ་པ། འགོག་ཐབས་བྲལ་བའི་རང་བྱུང་གི་གནོད་འཚེ་བྱུང་བའི་རྐྱེན་གྱིས་ས་ཆུ་ཤོར་ཚུལ་བྱུང་སྐབས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་འགོག་ཐབས་བྲལ་བའི་རང་བྱུང་གནོད་འཚེའི་རིགས་དང་། ཚད། དུས་ཚོད། བྱེད་ཐབས་སྤྱད་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩད་ཆོད་མཐའ་གསལ་བྱས་པ་མ་ཟད“ས་ཆུ་ཤོར་བའི་གནོད་སྐྱོན་མི་ཡོང་བ་བྱེད་མི་ཐུབ་པའི”ངོས་འཛིན་བྱས་རིགས་ལ་ཁག་འགན་འཁུར་མི་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་སོ་བཞི་པ། སྲོལ་ཡིག་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགྲེལ་བཤད་རྒྱག་འགན་འཁུར་དགོས། 

དོན་ཚན་སོ་ལྔ་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱས།   


དཔྱད་གཞིའི་ཡིག་ཆ།