ཆེད་ཁེའི་བདག་དབང་ཡུན་ཚད།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-26 08:47ལ་འགྲུབ།

ཆེད་ཁེའི་བདག་དབང་ཡུན་ཚད།

ཆེད་ཁེའི་བདག་དབང་ཡུན་ཚད།
ཆེད་ཁེའི་བདག་དབང་གི་ཡུན་ཚད་ནི་ཆེད་ཁེའི་བདག་དབང་གི་ཁྲིམས་བཀོད་ཡུན་ཚད་ལོངས་པའི་མཇུག་སྒྲིལ་བའི་དུས་ཚོད་ལ་ཟེར། ཆེད་ཁེའི་བདག་དབང་སྤྲད་པའི་སྤྱི་བསྒྲགས་བྱས་ཉིན་ནས་བཟུང་། གལ་ཏེ་དོན་རྐྱེན་གཞན་པའི་རྐྱེན་གྱིས་ཆེད་ཁེའི་བདག་དབང་འཛིན་མཚམས་འཇོག་པར་བཟོས་པའི་རིགས་དེ། ཆེད་ཁེའི་བདག་དབང་དེ་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོངས་པའི་ཉིན་བར་དུ་མཚམས་འཇོག་དགོས། ཆེད་ཁེའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། གསར་གཏོད་རིགས་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་ཉི་ཤུ་ཡིན་པ་དང་། དངོས་སྤྱོད་དཔེ་གསར་རིགས་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་བཅུ་ཡིན་ལ། ཕྱི་སྣང་ཇུས་འགོད་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་བཅོ་ལྔ་ཡིན་ཞིང་། ཚང་མ་ཞུ་ཡིག་ཕུལ་བའི་ཉིན་ནས་བརྩི་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
专利权期限
ཕྱི་ཡིག་གི་མིང་།
d uration of patent right
བྱ་ཡུལ།
ཆེད་ཁེའི་བདག་དབང་།
དུས་ཡུན།
ལོ་ཉི་ཤུ།
1 བཅའ་ཁྲིམས་ཀྱི་གཏན་འབེབས།
1_1 ནུས་པ་ཐོན་པའི་ཉིན།

གསར་གཏོད་བྱས་རིགས་ཀྱི་གཅིག་པུར་དབང་བའི་ཁེ་ཕན་ཐོབ་འདུན་ཞུ་ཡིག་གི་ངོ་བོར་ཞིབ་བཤེར་བྱས་པ་དང་། དངོས་སྤྱོད་དཔེ་གསར་དང་ཕྱི་དབྱིབས་ཇུས་འགོད་ཀྱི་གཅིག་པུར་དབང་བའི་ཁེ་ཕན་ཐོབ་འདུན་ཞུ་ཡིག་ལ་ཞིབ་བཤེར་རགས་ཙམ་བྱས་མཐར་ཕྱིར་བསློག་དགོས་པའི་རྒྱུ་མཚན་མ་རྙེད་ན། གཅིག་པུར་དབང་བའི་ཁེ་ཕན་ཅུའུ་ཡིས་གཅིག་པུར་དབང་བའི་ཁེ་ཕན་བདག་དབང་སྤྲོད་རྒྱུའི་ཐག་བཅད་ནས་གཅིག་པུར་དབང་བའི་ཁེ་ཕན་གྱི་ལག་ཁྱེར་སྤྲོད་དགོས་པ་དང་འབྲེལ་གཅིག་པུར་དབང་བའི་ཁེ་ཕན་གྱི་ཐོ་འགོད་དེབ་དང་གཅིག་པུར་དབང་བའི་ཁེ་ཕན་གྱི་སྤྱི་བསྒྲགས་ཐོག་ཐོ་འགོད་དང་སྤྱི་བསྒྲགས་ཀྱང་བྱ་དགོས། ཆེད་ཁེའི་བདག་དབང་ཡོངས་བསྒྲགས་བྱས་ཉིན་ནས་ནུས་པ་ཐོན་ཡོད།

1_2 དུས་ཚད།

ཆེད་ཁེའི་བདག་དབང་གི་ཡུན་ཚད་ནི་ཆེད་ཁེའི་བདག་དབང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆེད་ཁེའི་བདག་དབང་གི་ཁྲིམས་བཀོད་ཡུན་ཚད་ལོངས་པའི་མཇུག་སྒྲིལ་དུས་ཚོད་ལ་ཟེར། ཆེད་ཁེའི་བདག་དབང་དེ་དབང་བསྐུར་སྤྱི་བསྒྲགས་བྱས་ཉིན་ནས་ཆེད་ཁེའི་བདག་དབང་གི་ཡུན་ཚད་ཐིམ་པའི་ཉིན་བར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས། ཆེད་ཁེའི་བདག་དབང་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་གཉིས་པའི་གཏན་འབེབས་ལྟར་ན། གསར་གཏོད་རིགས་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་ཉི་ཤུ་ཡིན་པ་དང་། དངོས་སྤྱོད་དཔེ་གསར་རིགས་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་བཅུ་ཡིན་ལ། ཕྱི་སྣང་ཇུས་འགོད་ཀྱི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ལོ་བཅོ་ལྔ་ཡིན་ཞིང་། ཚང་མ་ཞུ་ཡིག་ཕུལ་བའི་ཉིན་ནས་བརྩི་དགོས། 

རྒྱལ་ཁབ་མང་ཆེ་བར་གསར་གཏོད་རིགས་ཀྱི་ཆེད་ཁེ་སྲུང་སྐྱོང་བྱེད་ཡུན་ལོ20ལས་བརྒལ་མི་ཆོག འོན་ཀྱང་ཕྱི་ཚུལ་ཇུས་འགོད་ཀྱི་ཆེད་ཁེ་ལ་རྒྱལ་ཁབ་མང་པོ་ཞིག་གི་སྲུང་སྐྱོང་ཡུན་ཚད་ལོ་བཅུ་ལས་རིང་བ་ཡོད། དཔེར་ན། འཇར་པན་དང་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་ཕྱི་ཚུལ་ཇུས་འགོད་སྲུང་སྐྱོང་དུས་ཚད་རིང་ཤོས་ལོ15ཡིན་པ་དང་། འཇར་མན་དང་སི་ཕེན་གྱི་རིང་ཤོས་ལོ20ཡིན།

2 གཏན་ལ་ཕབ་པའི་རྒྱུ་རྐྱེན།

ཆེད་ཁེའི་བདག་དབང་ནི་གཟུགས་མེད་རྒྱུ་ནོར་གྱི་བདག་དབང་ཞིག་ཡིན་པ་དང་། སྤྱིར་བཏང་གི་རྒྱུ་ནོར་གྱི་བདག་དབང་དང་མི་འདྲ་བར་གཞིགས་ནས། བྱ་ཡུལ་མེད་པར་གྱུར་པའི་དབང་གིས་ཁེ་དབང་རང་བཞིན་གྱིས་མཚམས་འཇོག་པའི་གནད་དོན་མེད། དེའི་ཕྱིར་རྒྱལ་ཁབ་སོ་སོའི་ཆེད་ཁེའི་བཅའ་ཁྲིམས་ཀྱིས་གཤམ་གསལ་གྱི་རྒྱུ་མཚན་ལ་གཞིགས་ནས། ཚང་མས་ཆེད་ཁེའི་བདག་དབང་གི་ཡུན་ཚད་གཏན་འབེབས་བྱས་ཡོད་དེ།

① ཆེད་ཁེའི་ལག་རྩལ་ལ་དུས་ཚོད་ཀྱི་འཕོ་འགྱུར་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་སོང་བ་དང་བསྟུན་ནས་དེའི་རྒྱུ་ནོར་གྱི་རིན་ཐང་རིམ་བཞིན་མེད་པར་འགྱུར་བའི་ཁྱད་ཆོས་ལྡན།

② ཆེད་ཁེའི་བདག་དབང་ཡུན་ཚད་རིང་པོར་སྒེར་བཟུང་བྱས་པ་དེས་སྤྱི་ཚོགས་ཀྱི་ཚན་རིག་ལག་རྩལ་ཧྲིལ་པོ་ཡར་ཐོན་དང་ཐོན་ལས་འཕེལ་རྒྱས་འགྲོ་བར་ཕན་ཐོགས་མེད།

3 མཚམས་འཇོག་པའི་གནས་ཚུལ།

ཆེད་ཁེའི་བདག་དབང་བཅའ་ཁྲིམས་ཀྱི་དོན་ཚན44པས་གཏན་འབེབས་བྱས་དོན། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་རིགས།ཆེད་ཁེའི་བདག་དབང་ཡུན་ཚད་མ་ལོངས་པའི་སྔོན་དུ་མཚམས་འཇོག་རྒྱུ་སྟེ། 

(གཅིག)གཏན་འབེབས་ལྟར་ལོ་ཡོན་མ་ཕུལ་བའི་རིགས།

(གཉིས)ཆེད་ཁེའི་བདག་དབང་འཛིན་མཁན་གྱིས་ཡིག་ཐོག་ནས་སོ་སོའི་ཆེད་ཁེའི་བདག་དབང་འདོར་རྒྱུའི་གསལ་བསྒྲགས་བྱས་རིགས།

ཆེད་ཁེའི་བདག་དབང་ཡུན་ཚད་མ་ཐིམ་གོང་ལ་འཛིན་མཚམས་འཇོག་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཆེད་ཁེའི་སྐོར་གྱི་སྲིད་འཛིན་སྡེ་ཁག(རྒྱལ་ཁབ་ཤེས་བྱའི་ཐོན་དངོས་བདག་དབང་ཅུའུ)གིས་ཐོ་འགོད་དང་སྤྱི་བསྒྲགས་བྱ་དགོས། 

4 མཉམ་འཇོག་བྱ་ཡུལ།

ཆེད་ཁེའི་བཅའ་ཁྲིམས་ཀྱི་དོན་ཚན42པའི་ནང་གཏན་ལ་ཕབ་པའི་ཆེད་ཁེའི་བདག་དབང་གི་ཡུན་ཚད་ནི་ཞུ་ཡིག་ཕུལ་བའི་ཉིན་ནས་བརྩི་རྒྱུ་ཡིན་མོད། འོན་ཀྱང་དེ་ནི་ཆེད་ཁེའི་བདག་དབང་གི་ཡུན་ཚད་གྱི་རྩིས་འགོ་ཚུགས་ས་ཙམ་ཡིན་པ་ལས། ཆེད་ཁེའི་བདག་དབང་དེ་རེ་ཞུ་ཉིན་ནས་རྩིས་འགྲོ་ཡོད་པ་ཞིག་མིན། 

ཆེད་ཁེ་བཅའ་ཁྲིམས་ཀྱི་དོན་ཚན39པ་དང་དོན་ཚན40པའི་གཏན་འབེབས་ལྟར་ན། ཆེད་ཁེའི་བདག་དབང་ཚང་མ་དབང་བཅོལ་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ནུས་པ་ཐོན་དགོས། གཅིག་པུར་དབང་བའི་ཁེ་ཕན་ཐོབ་འདུན་ཞུ་ཡིག་ལ་ངེས་པར་དུ་གཅིག་པུར་དབང་བའི་ཁེ་ཕན་ཅུས་ཀྱིས་ཞིབ་བཤེར་བྱས་ན་མ་གཏོགས་གཅིག་པུར་དབང་བའི་ཁེ་ཕན་བདག་དབང་འཐོབ་མི་ཐུབ། དེར་བརྟེན་ཞུ་ཡིག་ཕུལ་བའི་ཉིན་མོ་ནས་གཅིག་པུར་དབང་བའི་ཁེ་ཕན་ཅུའུ་བར་གཅིག་པུར་དབང་བའི་ཁེ་ཕན་གྱི་ཞུ་ཡིག་ལ་དབང་ཆ་སྤྲད་པའི་སྤྱི་བསྒྲགས་བྱེད་པར་དུས་ཚོད་ངེས་ཅན་ཞིག་དགོས། དེ་ལྟར་བྱས་ན་གཅིག་པུར་དབང་བའི་ཁེ་ཕན་བདག་དབང་འཛིན་པོར་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་དངོས་སུ་བྱེད་ཐུབ་པའི་ནུས་པ་ཐོན་པའི་དུས་སྐབས་ལོ་ཉི་ཤུ་ལས་ཉུང་མི་དགོས། 


དཔྱད་གཞིའི་ཡིག་ཆ།