ངལ་རྩོལ་ཟད་གྲོན།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

ངལ་རྩོལ་ཟད་གྲོན།

ངལ་རྩོལ་ཟད་གྲོན།
ངལ་རྩོལ་ཟད་གྲོན་ཞེས་པ་ནི་ཐོན་སྐྱེད་འཛུགས་སྐྲུན་ཁྲོད་དམིགས་ཡུལ་ཞིག་མངོན་འགྱུར་བྱེད་པའམ་ཡང་ན་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་སྐོང་ཆེད་ཟད་གྲོན་བྱས་པའི་དངོས་པོར་གྱུར་པའི་ངལ་རྩོལ་དང་བབ་བསྟུན་ངལ་རྩོལ་ལ་ཟེར། དངོས་རྫས་ཅན་གྱི་ངལ་རྩོལ་ཟད་གྲོན་ཞེས་པ་ནི་མ་བཅོས་རྒྱུ་ཆ་དང་། སྒུལ་ཤུགས། ལག་ཆ་སོགས་ཐད་ཀར་ཟད་གྲོན་དང་། སྒྲིག་ཆས། བཟོ་ཁང་། རྒྱུན་འཁོར་མ་དངུལ་སོགས་བཟུང་སྤྱོད་བྱེད་པར་ཟེར། ངལ་རྩོལ་ཟད་གྲོན་ཞེས་པ་ནི་ངལ་རྩོལ་པས་ལག་རྩལ་བྱེད་སྒོ་སྤེལ་བ་དང་ཐོན་སྐྱེད་འཛུགས་སྐྲུན་ལ་ཟད་གྲོན་བྱས་པའི་ངལ་རྩོལ་གྲངས་ཚད་ལ་ཟེར། ངལ་རྩོལ་ཟད་གྲོན་དེ་དངོས་པོས་མཚོན་ཆོག་ལ། དངུལ་ལོར་གྱི་རྣམ་པས་ཀྱང་མཚོན་ཆོག དངུལ་ལོར་གྱི་རྣམ་པས་མཚོན་པའི་སྐབས་སུ་འགྲོ་གྲོན་ཟད་གྲོན་ཟེར། ངལ་རྩོལ་ཟད་གྲོན་ལ་རྟོག་ཞིབ་བྱེད་སྐབས། ཇུས་གཞི་འདི་ལག་བསྟར་བྱེད་པར་ཐད་ཀར་ཟད་གྲོན་བྱས་པའི་དངོས་པོར་གྱུར་པའི་ངལ་རྩོལ་དང་བབ་བསྟུན་ངལ་རྩོལ་ལ་བསམ་བློ་གཏོང་དགོས་པ་མ་ཟད། ད་དུང་ཇུས་གཞི་དེ་ལག་བསྟར་བྱས་པའི་དབང་གིས་བྱུང་བའི་གཞན་བརྒྱུད་འབྲེལ་ཡོད་སྡེ་ཁག་གི་ཟད་གྲོན་དང་མ་དངུལ་འཇོག་པར་བསམ་གཞིགས་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劳动消耗
ཆ་རྐྱེན།
ཐོན་སྐྱེད་འཛུགས་སྐྲུན།
རིགས་དབྱེ།
ཆེད་སྤྱོད་ཐ་སྙད།
ཁྱབ་ཁོངས།
དཔལ་འབྱོར་དང་དོ་དམ།
1 མཚན་ཉིད།

ངལ་རྩོལ་ཟད་གྲོན་གྱི་བཅད་གྲངས་ནི་རྒྱུན་ལྡན་གྱི་ཐོན་སྐྱེད་ལག་རྩལ་དང་ཐོན་སྐྱེད་སྒྲིག་འཛུགས་ཀྱི་ཆ་རྐྱེན་འོག ལས་ཁུངས་ཚད་ལྡན་གྱི་ཐོན་རྫས་འགྲུབ་ཆེད་གཏན་འཁེལ་བྱས་པའི་ངལ་རྩོལ་ཟད་གྲོན་གྱི་ཚད་གཞིར་ཟེར། ངལ་རྩོལ་གྱི་བཅད་གྲངས་ལ་མཚོན་སྟངས་རིགས་གཉིས་ཡོད་དེ། དུས་ཚོད་ཀྱི་བཅད་གྲངས་དང་ཐོན་ཚད་ཀྱི་བཅད་གྲངས་ཡིན།    

2 རིགས་དབྱེ།

1. དུས་ཚོད་གྲངས་བཅད། དུས་ཚོད་གྲངས་བཅད་ཅེས་པ་ནི་ལག་རྩལ་ཆ་རྐྱེན་རྒྱུན་ལྡན་ཡིན་པ་དང་། ཐོན་སྐྱེད་ཡོ་བྱད་བེད་སྤྱོད་ལུགས་མཐུན་ཡིན་པ། ངལ་རྩོལ་རྩ་འཛུགས་ཡང་དག་ཡིན་པ་བཅས་ཀྱི་ཆ་རྐྱེན་འོག བཟོ་པས་ཐོན་སྐྱེད་ལས་ཁུངས་ཀྱི་ཚད་མཐུན་ཐོན་རྫས་ལ་ཟད་གྲོན་བྱས་པའི་ངལ་རྩོལ་དུས་ཚོད་ལ་ཟེར། དེའི་ནང་གྲ་སྒྲིག་དང་མཇུག་བསྒྲིལ་བའི་དུས་ཚོད་དང་། གཞི་རྩའི་ཐོན་སྐྱེད་དུས་ཚོད། ཐོན་སྐྱེད་ཀྱི་རམ་འདེགས་དུས་ཚོད། གཡོལ་ཐབས་མེད་པའི་བར་མཚམས་ཆད་པའི་དུས་ཚོད། དེ་བཞིན་བཟོ་པས་ངེས་པར་དུ་ངལ་གསོ་དགོས་པའི་དུས་ཚོད་བཅས་ཚུད་ཡོད། དུས་ཚོད་ཀྱི་བཅད་གྲངས་ནི་ཉིན་རེར་རྩིས་གཞི་རེ་བྱེད་པ་དང་། ཉིན་རེར་བཟོ་པ1གིས་ལས་ཀ་བྱེད་པའི8hཡི་ངལ་རྩོལ་བྱེད་ཚད་དང་མཚུངས། དེའི་ནང་ཆུར་འཛུལ་ལས་དོན་དེ6hཡིན་པ་དང་ཕུག་ལམ་ལས་དོན་དེ7hལྟར་རྩིས་རྒྱག་དགོས།    

2. ཐོན་ཚད་ཀྱི་གྲངས་བཅད། ཐོན་ཚད་ཀྱི་བཅད་གྲངས་ཞེས་པ་ནི་ལག་རྩལ་གྱི་ཆ་རྐྱེན་རྒྱུན་ལྡན་ཡིན་པ་དང་། ཐོན་སྐྱེད་ཡོ་བྱད་བེད་སྤྱོད་ལུགས་མཐུན་དང་ངལ་རྩོལ་རྩ་འཛུགས་ཡང་དག་ཡིན་པའི་ཆ་རྐྱེན་འོགབཟོ་པས་དུས་ཚོད་ནང་ཚད་ལྡན་ཐོན་རྫས་ཀྱི་གྲངས་འབོར་གྱི་ཚད་འཇལ་རྩིས་གཞི་ནི་ཐོན་རྫས་ཀྱི་གྲངས་འབོར་དང་ལས་ཡུན་ཡིན་པ་སྟེ། དཔེར་ན་ཉིན་རེརm3དང་།  km2སོགས་ཡིན། 


དཔྱད་གཞིའི་ཡིག་ཆ།