ལས་འཛིན་ལྷན་ཚོགས་ལ་ཀྲུའུ་ཞི་གཅིག་དང་དྲུང་ཆེ་གཅིག་ཡོད་པ་དང་བརྗེ་རེས་ལམ་ལུགས་ལག་བསྟར་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་ཁག་གིས་རེས་མོས་ཀྱིས་འགན་འཁུར་བ་དང་ཟླ་དྲུག་རེར་ཐེངས་རེ་བརྗེ་རེས་བྱེད་ཀྱིན་ཡོད། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུའུ་ཞིའི་འགན་བཞེས་པ་རེད། ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་དེ་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཐོག་འདེམས་བསྐོ་བྱས་པ་དང་དེ་དང་འདྲ་བར་ཐུན་མོང་གི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཡིན་པ་དང་། ཁོང་དང་ད་ལྟའི་ཀྲུའུ་ཞིའི་རྒྱལ་ཁབ་དང་ཀྲུའུ་ཞིའི་རྒྱལ་ཁབ་རྗེས་མའི་ཀྲུའུ་ཞིའི་རྒྱལ་ཁབ“འཁོར་ལོ་གསུམ”དུ་གྱུར་ཡོད།
ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཡོ་རོབ་ཐུན་མོང་ཚོགས་པའི་རྒྱལ་ཁབ་ཁག་གི་ལས་དོན་མཐུན་སྦྱོར་བྱས་ནས་ཡོ་རོབ་མནའ་འབྲེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་རྒྱུ་དེ་རེད། སྔོན་རྩིས་ཐད་དེ་དང་ཡོ་རོབ་གྲོས་ཚོགས་ལ་ཐུན་མོང་ཐོག་ཇུས་ཐག་གཅོད་དབང་ཡོད་པ་རེད། ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་གཙོ་བོ་གཞན་ཞིག་དངུལ་ལོར་གྱི་ཕྱོགས་ནས་དེས་དངུལ་ལོར་ཉོ་ཚོང་གི་ཚད་ལ་སྣེ་ཁྲིད་བྱེད་པའི་སྲིད་ཇུས་ཀྱི་འགན་འཁུར་ཡོད།
ལས་འཛིན་ལྷན་ཚོགས་ལ་རམ་འདེགས་རང་བཞིན་ལྡན་པའི་ཉིན་རྒྱུན་གྱི་ལས་སྒྲུབ་ལས་ཁུངས་ལ་གཤམ་གྱི་འདི་དག་ཡོད་དེ།
འཐུས་མི་ཚོགས་པའི་ཨུ་ཡོན་ལྷན་ཁང་དེ་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཁོངས་མིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱི་ཚོགས་གཙོ་དང་གཞུང་ཚབ་གཞོན་པ་ལས་གྲུབ་པ་དང་གཟའ་འཁོར་རེར་འཆར་ཅན་ཚོགས་འདུ་འཚོག་བ་རེད། ཆབ་སྲིད་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་ནི་ཡོ་རོབ་མནའ་འབྲེལ་གྱི་ཐུན་མོང་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཐག་གཅོད་བྱེད་པའི“འཁོར་ལྟེ”ཞིག་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཁོངས་མིའི་རྒྱལ་ཁབ་ཁག་གི་འཐུས་མི་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མི། ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་བཅས་ཀྱི་འཐུས་མི་ལས་གྲུབ་ཡོད།
ལས་དོན་གཙོ་བོ་དང་ཕྱི་ཕྱོགས་འབྲེལ་བ་སིའི་དཔལ་འབྱོར་དང་ཉོ་ཚོང་ལས་དོན་སིའི་བཅའ་ཁྲིམས་དང་ནང་སྲིད་ལས་དོན་སིའི་ལས་ཞུགས་དང་། སྤྱི་ཚོགས་སྲིད་ཇུས། འཕྲོད་བསྟེན་དང་འཛད་སྤྱོད་སིའི་འགྲན་རྩོད་ནུས་པ་སི།(ནང་ཁུལ་གྱི་ཚོང་ར་དང་། བཟོ་ལས། ཚན་ཞིབ)འགྲིམ་འགྲུལ། འཕྲིན་གཏོང་། ནུས་ཁུངས་སི་ཞིང་ལས་དང་ཉ་ལས་སི་ཁོར་ཡུག་སིའི་སློབ་གསོ་དང་། གཞོན་ནུ། རིག་གནས་སི་སོགས་ཡོད།
ད་ལྟ་ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ནི་ཀེ་རི་སེ་ཡིན་པ་དང་སྤྱི་ལོ2014ལོའི་ཟླ1པོའི་ཚེས1ཉིན་རེས་སྐོར་གྱི་འགན་འཁུར་བ་རེད། ད་ལྟ་ཡོ་རོབ་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ(དབྱིན་ཡིགSecretary-General of the Council of the European Union)ཏན་མའེ་བ་ཡེ་ཕུའུ(དབྱིན་ཡིགJeppe Tranholm-Mikkelsen)ཡིན།