སྤྱི་ཚོགས་ཐེ་ཞུགས།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-26 08:49ལ་འགྲུབ།

སྤྱི་ཚོགས་ཐེ་ཞུགས།

སྤྱི་ཚོགས་ཐེ་ཞུགས།
སྤྱི་ཚོགས་ཐེ་ཞུགས་ནི་དང་ལེན་བྱེད་མཁན་གྱི་དབང་ཆའི་སྐོར་གྱི་གཞུང་ལུགས་ཤིག་ཡིན་ལ། དེར་ཞུགས་དབང་ཡང་ཟེར། དེ་ནི་བརྒྱུད་སྒྲོག་དང་ལེན་བྱེད་མཁན་ལ་མང་ཚོགས་ཀྱི་སྒྲོག་སྤེལ་བྱེད་སྒོར་ཞུགས་པའི་དབང་ཆ་ཡོད་པ་སྟེ། ཁོ་ཚོར་མང་ཚོགས་ཀྱི་སྒྲོག་སྤེལ་སྨྱན་བྱེད་ཐོག་ནས་འབྲེལ་ཡོད་ཆ་འཕྲིན་ཐོབ་པའི་དབང་ཆ་ཡོད་པ་མ་ཟད། ཁྱབ་སྤེལ་བྱེད་མཁན་བྱས་ནས་མང་ཚོགས་ཀྱི་སྒྲོག་སྤེལ་སྨྱན་བྱེད་བཀོལ་སྤྱོད་བྱེད་པའི་དབང་ཆ་ཡོད། ཆེས་ཐོག་མར་གཞུང་ལུགས་འདི་འདོན་མཁན་ནི་ཨ་རིའི་མཁས་པ་པ་ལུན(JBarron)ཡིན། སྤྱི་ལོ1967ལོར་ཁོང་གིས་སྤེལ་བའི《ཚགས་པར་ལ་ཞུགས་པའི་དབང་ཆ》ཞེས་པའི་རྩོམ་ཡིག་ནང་། བརྒྱུད་བསྒྲགས་བྱ་ཡུལ་གྱི་མཚོན་པའི་རང་དབང་སྲུང་སྐྱོང་དང་། ཁོ་ཚོ་ཁྱབ་སྤེལ་སྨྱན་སྦྱོར་ནང་ཞུགས་པ་དང་བེད་སྤྱོད་བྱེད་པའི་ཁེ་དབང་འགན་སྲུང་བྱེད་ཆེད། རྩ་ཁྲིམས་ཀྱིས་སྤྱི་དམངས་ཀྱིས་མང་ཚོགས་ཀྱི་སྨྱན་སྦྱོར་ལ་ཞུགས་པའི་དབང་ཆ་ངེས་པར་དུ་ཁས་ལེན་དགོས་ཞེས་བསྟན་ཡོད། ལོ་རབས70པར་འཇར་པན་གྱིས་རིགས་པའི་གཞུང་ལུགས་དེར་རྒྱ་ཁྱབ་ཏུ་དཔྱད་བསྡུར་བྱས་པ་མ་ཟད། ལག་ལེན་ཁྲོད་ལག་བསྟར་བྱས་པ་རེད། འཇར་པན་གྱི་ཁྱབ་སྤེལ་མཁས་པས་སྤྱི་ཚོགས་ཐེ་ཞུགས་ཞེས་པར་གོ་དོན་གཉིས་ཡོད་པ་སྟེ། གཅིག་ནི་མང་ཚོགས་ཀྱི་ཁྱབ་སྤེལ་ལས་ཁུངས་ལ་སྲིད་གཞུང་གི་འགན་ལེན་འོག་གསར་འགྱུར་གྱི་ཡོང་ཁུངས་སྣ་ཚོགས་དང་འབྲེལ་གཏུག་བྱེད་དབང་ཡོད་པ་དང་། གཉིས་ནི་བརྒྱུད་བསྒྲགས་བྱ་ཡུལ་མི་སྒེར་ལ་མང་ཚོགས་ཀྱི་ཁྱབ་སྤེལ་བྱེད་སྒོར་ཐད་ཀར་ཞུགས་དབང་ཡོད། ཁྱབ་སྤེལ་སྨྱན་སྦྱོར་བརྒྱུད་རང་མོས་ངང་བསམ་འཆར་སྤེལ་ཆོག་པ་བཅས་ལ་ཟེར། སྲིད་གཞུང་ལ་མཚོན་ན་དེས་སྤྱི་དམངས་ཀྱི་དབང་ཆ་འདི་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། གཞུང་ལུགས་འདི་ལ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྤྱི་ལོ1980ལོར་སྤེལ་བའི་རྒྱལ་སྤྱིའི་སྤེལ་རེས་གནད་དོན་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་སྤྱིའི་སྙན་ཞུའི་ནང་བསྟན་དོན།མང་ཚོགས་ཆ་འཕྲིན་གྱི་གཞན་དབང་དང་ལེན་བྱེད་མཁན་དུ་བརྩི་མི་རུང་བར། ཁོང་ཚོར་ཚགས་པར་དང་རླུང་འཕྲིན་ནང་བསམ་འཆར་དང་ལྟ་སྟངས་སྔར་ལས་མང་བ་འདོན་རྒྱུར་སྐུལ་ལྕག་བྱས་ཏེ། གོ་སྐབས་དང་ཆ་རྐྱེན་བསྐྲུན་ནས་ཁོང་ཚོ་སྒྲོག་སྤེལ་སྨྱན་སྦྱོར་གྱི་དོ་དམ་ནང་ཞུགས་སུ་འཇུག་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会参与
ཕྱི་ཡིག་གི་མིང་།
social invovlement in
ཐེ་ཞུགས་དབང་ཆ།
དང་ལེན་བྱེད་མཁན་གྱི་ཁེ་དབང་སྐོར་གྱི་གཞུང་ལུགས་ཤིག་ཡིན།
1 ​ངོ་སྤྲོད་མདོར་བསྡུས།     

བརྒྱུད་སྒྲོག་དང་ལེན་བྱེད་མཁན་ལ་མང་ཚོགས་ཀྱི་ཁྱབ་སྤེལ་བྱ་འགུལ་ནང་ཞུགས་པའི་དབང་ཆ་ཡོད།

གཅིག“སྤྱི་ཚོགས་ཐེ་ཞུགས”ཞེས་པའི་དབྱིན་ཡིག་གི་ཤན་སྦྱར་ནི། social invovlement insocial participation social volvement society participationཡིན།

གཉིས།“སྤྱི་ཚོགས་ཐེ་ཞུགས”ཀྱི་འགྲེལ་བཤད་ནི། དང་ལེན་བྱེད་མཁན་གྱི་དབང་ཆའི་སྐོར་གྱི་གཞུང་ལུགས་ཤིག་ལ་དེར་ཞུགས་དབང་ཡང་ཟེར། དེ་ནི་བརྒྱུད་སྤྲོད་བྱེད་མཁན་ལ་མང་ཚོགས་ཀྱི་ཁྱབ་སྤེལ་བྱེད་སྒོར་ཞུགས་པའི་དབང་ཆ་ཡོད་པ་སྟེ། ཁོ་ཚོར་མང་ཚོགས་ཀྱི་སྨྱན་བྱེད་ཐོག་ནས་འབྲེལ་ཡོད་ཆ་འཕྲིན་ཐོབ་པར་མ་ཟད། ཁྱབ་སྤེལ་བྱེད་མཁན་བྱས་ནས་མང་ཚོགས་ཀྱི་སྨྱན་བྱེད་བེད་སྤྱོད་བྱེད་པའི་དབང་ཆའང་ཡོད། ཆེས་ཐོག་མར་གཞུང་ལུགས་འདི་འདོན་མཁན་ནི་ཨ་རིའི་མཁས་པ་པ་ལུན་(J•Barron)ཡིན། སྤྱི་ལོ1967ལོར་ཁོང་གིས་སྤེལ་བའི《ཚགས་པར་ལ་ཞུགས་པའི་དབང་ཆ》ཞེས་པའི་རྩོམ་ཡིག་ནང་དུ་བསྟན་དོན། བརྒྱུད་བསྒྲགས་བྱ་ཡུལ་གྱི་མཚོན་པའི་རང་དབང་སྲུང་སྐྱོང་དང་། ཁོ་ཚོ་ཁྱབ་སྤེལ་སྨྱན་སྦྱོར་ནང་ཞུགས་པ་དང་བེད་སྤྱོད་བྱེད་པའི་ཁེ་དབང་འགན་སྲུང་བྱེད་ཆེད། རྩ་ཁྲིམས་ངེས་པར་དུ......།

གསུམ།“སྤྱི་ཚོགས་ཐེ་ཞུགས”ཞེས་པའི་རིག་གཞུང་ཚད་ལྡན་ཡིག་ཆའི་ནང་གི་འགྲེལ་བཤད།

1.སྤྱི་ཚོགས་ཐེ་ཞུགས་རྩ་དོན་གྱི་འགྲེལ་པ་ནི། སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་རྒྱལ་ཁབ་ཁྲིམས་འཛིན་དབང་ཆ་ཕུད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཏུག་བཤེར་ནང་ཞུགས་ནས་ཁྲིམས་འཛིན་བྱེད་སྒོ་དེས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་། རང་དབང་། དྲང་གཞག་སོགས་སྐོར་གྱི་རིན་ཐང་ཚད་གཞི་མཚོན་ཐུབ་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛིན་དབང་ཆ་སྒེར་གཅོད་མི་ཡོང་བ་བྱེད་པ། སྤྱི་ཚོགས་ཐེ་ཞུགས་ཀྱི་རྩ་དོན་ནི་ཉེས་དོན་གཏུག་བཤེར་ཁྲིམས་འཛུགས་དང་ཁྲིམས་འཛིན་ཁྲོད་ཀྱི་སྣང་ཚུལ་རབ་དང་རིམ་པར་སྙིང་བསྡུས་བྱས་པ་ཞིག་ཡིན།   

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

2.“སྤྱི་ཚོགས་ཐེ་ཞུགས”ཞེས་པ་ནི་སློབ་བསྡུའི་ལས་དོན་དེ་བཀག་སྡོམ་རང་བཞིན་གྱིས་སྤེལ་མི་རུང་བ་དང་། ཕྱོགས་གཅིག་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཚུར་སྣང་དང་བླང་བྱ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་བསྡུའི་ལས་དོན་དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཀྱི་རང་བཞིན་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས།  

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

3.སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་གོ་བ་སྟེ། དཔེར་ན། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་ཀྱི་ལས་དོན་སོགས་ཀྱི་བྱེད་སྒོའི་འདུ་ཤེས་ཞུགས་པ་དང་བྱ་སྤྱོད་ཞུགས་པ་ལ་ཟེར། བྱ་སྤྱོད་ནི་ཐེ་ཞུགས་ཤིག་ཡིན་ལ། འདུ་ཤེས་ཀྱང་ཐེ་ཞུགས་ཤིག་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། འདུ་ཤེས་ཐེ་ཞུགས་བྱ་རྒྱུ་དེ་བས་གལ་ཆེན་ཡིན། 

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

4.སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་བྱེད་སྟངས་གང་རུང་ཞིག་གི་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་། དཔལ་འབྱོར་འཚོ་བ། སྤྱི་ཚོགས་འཚོ་བ། རིག་གནས་འཚོ་བ། སྡེ་ཁུལ་བཅས་ཀྱི་སྤྱི་པའི་ལས་དོན་ནང་ཞུགས་པ་དང་དེར་ཐེ་གཏོགས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ།  

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

5.སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་གཙོ་བོས་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད(དཔེར་ན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས)ཀྱི་ད་ལྟའི་གནས་ཚུལ་དང་བྱེད་སྒོར་ཐུགས་ཁུར་དང་། ཤེས་རྟོགས། བྱ་སྤྱོད་ལ་མ་དངུལ་འཇོག་པ་བཅས་ལ་ཟེར། དོན་སྙིང་འདིའི་ཐོག་ནས་བཤད་ན། གོང་དུ་རགས་བཤད་བྱས་པའི་གཞོན་ནུ་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དོན་ཆེན་ལ་སེམས་ཁུར་བྱེད་པའི་ཁྱད་ཆོས་ལ་ཟེར།   

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

6.སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་ལས་བཟོ་པ་རྣམས་ཀྱིས་ཁོ་ཚོའི་རྒྱུན་ལྡན་གྱི་ལས་ཀའི་ཁོར་ཡུག་དང་། ལས་ཀའི་ཆ་རྐྱེན། མི་སྒེར་དང་སྤྱི་ཚོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་དོན་དག་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས་ཐུབ་པར་ཟེར། དཔེར་ན་ལས་བཟོ་པར་ཀུང་སིས་གླས་པའི་འབྲེལ་ཡོད་དོན་ཚན་སྣ་ཚོགས་ལ་ཉན་ནས་དེའི་ལས་ཀའི་ཁོར་ཡུག་ལེགས་བཅོས་བྱེད་པའི་བསམ་འཆར་འདོན་དབང་ཡོད་པ་སོགས་ལ་ཟེར། 

ཚད་ལྡན་ཡིག་ཆའི་ཡོང་ཁུངས།

7.སྤྱི་ཚོགས་ཐེ་ཞུགས་ཞེས་པ་ནི་ཐབས་ལམ་སྣ་ཚོགས་རྒྱ་ཆེར་སྤྱད་དེ་སྤྱི་ཚོགས་དང་ཁེ་ལས་ལས་རིགས་སློབ་གསོ་དང་སློབ་གྲྭ་གཉེར་བའི་དོ་དམ་ནང་ཞུགས་སུ་བཅུག་སྟེ་སློབ་གྲྭ་རིགས་དེ་གཉིས“ལྕགས་རི་མེད་པའི་སློབ་གྲྭ”ཞིག་ཏུ་གཉེར་ནས་སྣ་མང་ཅན་དང་ལས་རིགས་རང་བཞིན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཟེར།


དཔྱད་གཞིའི་ཡིག་ཆ།