ཐོན་སྐྱེད་ལྷག་ཐལ་ཆེ་བ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

ཐོན་སྐྱེད་ལྷག་ཐལ་ཆེ་བ།

ཐོན་སྐྱེད་ལྷག་ཐལ་ཆེ་བ།
ཐོན་སྐྱེད་ལྷག་ཐལ་ཆེ་བ་ཞེས་པ་ནི་སྤྱི་ཚོགས་ཀྱི་ཚོང་ཟོག་ཐོན་སྐྱེད་བསྡོམས་འབོར་གཏོང་སྤྲོད་བྱེད་ནུས་ཀྱི་མཁོ་ཚད་ལས་ཆེས་ཆེར་བརྒལ་བའི་དཔལ་འབྱོར་སྣང་ཚུལ་ལ་ཟེར། དེ་ནི་དཔལ་འབྱོར་ཉམས་ཉེན་གྱི་ཁྱད་ཆོས་གཙོ་བོ་རེད། ཐོན་སྐྱེད་ལྷག་ཐལ་ཆེ་བས་དཔལ་འབྱོར་ཉམས་ཉེན་འབྱུང་སྲིད། རྒྱལ་ཁབ་མང་ཆེ་བར་དཔེར་ན་དབྱིན་ཇི་དང་ཨ་རི་སོགས་ཚང་མར་ཐོན་སྐྱེད་ལྷག་མ་ལས་བྱུང་བའི་དཔལ་འབྱོར་ཉམས་ཉེན་བྱུང་མྱོང་བ་དང་། དུས་རབས20པའི་ལོ་རབས་30པའི་ནང་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་བ་དེའང་ཐོན་སྐྱེད་ལྷག་མ་ལས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生产过剩
ཕྱི་ཡིག་གི་མིང་།
over production
རང་བཞིན།
ཚོང་ཟོག་མང་དྲགས་པ།
ཁྱབ་ཁོངས།
བཟོ་ལས།
བྱུང་དུས།
དུས་རབས20པའི་ལོ་རབས30པ།
1 ​མཚན་ཉིད།

ཅི་ཞིག་ཐོན་སྐྱེད་བྱེད་པ་དང་ཐོན་སྐྱེད་ག་ཚོད་བྱེད་པ་ཚང་མ་ཁེ་ལས་ཀྱིས་ཐག་གཅོད་པ་དང་། སྤྱི་ཚོགས་ཐོན་སྐྱེད་ཧྲིལ་པོ་འགྲན་རྩོད་དང་སྲིད་གཞུང་མེད་པའི་གནས་སུ་གྱར་ཡོད། དེའི་མཇུག་འབྲས་ནི་གཏོང་སྤྲོད་ནུས་པའི་དགོས་མཁོ་བལྟོས་བཅས་ཀྱིས་ཆུང་དུ་ཕྱིན་པས་ཚོང་ཟོག་འབོར་ཆེན་འཚོང་མི་ཐུབ་པར་གྱུར།དེའི་ངན་གཤིས་འཕེལ་རྒྱས་ནི་ཐོན་སྐྱེད་ལྷག་མའི་ཉེན་ཁ་རེད།  

2 རྩ་བའི་རིགས་པ།

ཁེ་ལས་ཀྱིས་ཐོན་སྐྱེད་མ་གནས་དམའ་རུ་གཏོང་བ་དང་། ཚད་ཆེས་ཆེ་བའི་ཐོག་ནས་ཁེ་སྤོགས་ཐོབ་པ། ཁོ་ཚོས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། རང་ཉིད་ཀྱི་དགོས་ངེས་ཀྱི་ངལ་རྩོལ་དུས་ཚོད་རེ་ཟུང་ཇེ་ཐུང་དུ་གཏོང་བ་བཅས་ཀྱི་ཆེད་དུ་གཡོལ་ཐབས་མེད་པར་ཐོན་སྐྱེད་ནུས་ཤུགས་ཡར་ཐོན་བྱུང་ནས་སྤྱི་ཚོགས་ཐོག་གི་ཚོང་ཟོག་གི་གྲངས་འབོར་དང་རིགས་སྣ་ཚང་མ་འཕར་སྣོན་བྱུང་བ་དང་། སྤྱི་ཚོགས་ཀྱི་དབུལ་ཕྱུག་གི་ཧེ་བག་ཆེ་བའི་དབང་གིས་ཚོང་ཟོག་ཕྱིར་འཚོང་ཚོང་ར་བལྟོས་བཅས་ཀྱིས་ཆུང་དུ་འགྲོ་ངེས་ཡིན་པ་སྟེ། ཐོན་སྐྱེད་བྱེད་ཐལ་ཆེ་བའི“རིམས་ནད”བྱུང་བ་རེད།  

3 ཤུགས་རྐྱེན་གཙོ་བོ།

རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱེད་ཐལ་ཤོར་བའི་གནས་ཚུལ་ལ་ཁ་གཏད་འཇལ་སྐབས། རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམས་སྒྲིག་དང་སྲིད་གཞུང་གི་ཐེ་གཏོགས་བྱེད་ཐབས་སྔར་ལས་མང་བ་སྤྱད་དེ། ཐོན་སྐྱེད་བྱེད་ཐལ་ཤོར་བའི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་བཀག་འགོག་བྱེད་པར་ཕན་འབྲས་ངེས་ཅན་ཐོབ་ཡོད། འོན་ཀྱང་མར་ཁེ་སིའི་རིང་ལུགས་ཀྱིས་བལྟས་ན། མ་རྩའི་རིང་ལུགས་ལམ་ལུགས་ཀྱི་སྔར་ཡོད་འགལ་བ་མཐུན་ཐབས་མེད་པ་དེ་ནི“ཐོན་སྐྱེད་སྤྱི་ཚོགས་ཅན་དང་ཐོན་སྐྱེད་རྒྱུ་ཆས་མ་རྩའི་རིང་ལུགས་སྒེར་ལ་དབང་བའི་ལམ་ལུགས”བར་གྱི་འགལ་བ་དེ་རེད།    

དཔལ་འབྱོར་ཉམས་ཉེན་གྱི་དུས་འཁོར་རང་བཞིན་གློ་བུར་དུ་བྱུང་བ་མ་ཟད། དེའི་འགུལ་ཚད་མང་དུ་ཕྱིན་པ་དང་། ཤུགས་ཚད་ཆེ་རུ་ཕྱིན་པ། ཤུགས་རྐྱེན་ཐེབས་ཁྱོན་ཆེ་རུ་ཕྱིན་པ།(བར་སྟོང་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཁྱབ་ཁོངས)རྒྱུན་མཐུད་དུས་ཚོད་སྔར་བས་རིང་དུ་བཏང་བ་བཅས་ཀྱིས་དོན་དེ་ར་སྤྲོད་ཡག་ཤོས་བྱས་ཡོད། སྤྱི་ལོ2011ལོའི་ཟླ4པར་ཀྲུང་གོའི་ཧོ་ནན་དང་། ཧྲན་ཏུང་། ཨན་ཧུའེ་སོགས་ས་ཆའི་སྔོ་ཚལ་དུས་མཚུངས་ཁྲོམ་རར་བཏོན་པས་ཐོན་སྐྱེད་ལྷག་ཐལ་ཚབས་ཆེན་བྱུང་བ་རེད།


དཔྱད་གཞིའི་ཡིག་ཆ།