ཁེ་ལས་ཀྱི་དངུལ་སྤྲོད་ནུས་པར་ཚད་འཇལ་བྱེད་པའི་རྩིས་རིག་བྱེད་ཐབས་ནི་སྐབས་ཤིག་རིང་གི་དངུལ་སྤྲོད་ནུས་པའི་བཏགས་གྲངས་དང་ཉེ་བའི་དངུལ་སྤྲོད་ནུས་པའི་བཏགས་གྲངས་རྩིས་རྒྱག་རྒྱུ་དེ་ཡིན། དངུལ་སྤྲོད་ནུས་པའི་བཏགས་གྲངས་དེ1ལས་ཅུང་ཆེ་བ་ཡོད་ན་བཟང་བ་དང་། 1ལས་ཆུང་བ་ཡིན་ན་དངུལ་སྤྲོད་ནུས་པ་ཅུང་ཞན་པ་ཡིན། ཐ་ན་བུ་ལོན་འཇལ་ནུས་ཀྱང་མེད། དེའི་རྩིས་རྒྱག་སྟངས་ནི།
དུས་མཇུག་གི་དངུལ་སྤྲོད་ནུས་པའི་བཏགས་གྲངས=དུས་མཇུག་གི་དངུལ་ལོར་མ་དངུལ་ལྷག་གྲངས། དུས་ལས་ཡོལ་ཡང་མ་སྤྲད་པའི་དངུལ་གྲངས་ཀྱི་གྲངས་འབོར།
ཉེ་དུས་ཀྱི་དངུལ་སྤྲོད་ནུས་པའི་བཏགས་གྲངས=འཇལ་དགོས་པའི་བུ་ལོན་གྱི་མ་དངུལ། འཇལ་གྲབས་ཡོད་པའི་གྲོན་དངུལ།
ཁེ་ལས་ཀྱི་དངུལ་སྤྲོད་ནུས་པའི་ཆེ་ཆུང་ནི་ཁེ་ལས་ཀྱི་འཁོར་རྒྱུག་མ་དངུལ་འཁོར་རྒྱུག་རྒྱུན་ལྡན་ཡིན་མིན་དང་ནོར་དོན་གནས་ཚུལ་ལེགས་མིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཁེ་ལས་ཀྱི་དངུལ་སྤྲོད་ནུས་པ་ཆེ་དྲགས་པའི་ཐོག་ནས་དངུལ་ལོར་མ་དངུལ་འཇོག་ཚད་མང་དྲགས་པ་མཚོན་པ་དང་། མ་དངུལ་གྱི་འཁོར་རྒྱུག་ནུས་པ་འདོན་སྤེལ་གང་ལེགས་བྱེད་མི་ཐུབ་པ། དངུལ་སྤྲོད་ནུས་པ་ཞན་དྲགས་པ། མ་དངུལ་འཁོར་རྒྱུག་མི་བདེ་བ་བཅས་ཀྱི་གནས་ཚུལ་ཐོན་སླ་བ་མ་ཟད། ད་དུང་ཁེ་ལས་ཀྱི་མཚན་སྙན་ལ་ཤུགས་རྐྱེན་ཐེབས་ནས་ཁེ་ལས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཉེན་ཁ་བཟོ་སྲིད།