སྤུས་ཚད་སློབ་གསོ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-26 08:52ལ་འགྲུབ།

སྤུས་ཚད་སློབ་གསོ།

སྤུས་ཚད་སློབ་གསོ།
སྤུས་ཚད་སློབ་གསོ་ནི་སྤུས་ཚད་དོ་དམ་གྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཡིན། སྤུས་ཚད་སློབ་གསོ་རྒྱག་པར་བརྟེན་ནས་ལས་བཟོ་པའི་སྤུས་ཚད་ཀྱི་འདུ་ཤེས་འཛིན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་མ་ཟད། སྤུས་ཚད་དོ་དམ་བྱེད་ཐབས་དང་ལག་རྩལ་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་དུ་འཇུག་དགོས། ལས་བཟོ་པས་སྤུས་ཚད་ཨང་དང་པོར་འཛིན་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ་དེས་རྒྱལ་ཁབ་དང་ཁེ་ལས་ཧྲིལ་པོར་ཐོན་པའི་ནུས་པ་གལ་ཆེན་ཁ་གསལ་བཟོ་བ།རང་ཉིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ནང་གི་འགན་འཁྲི་ངོས་འཛིན་ཐུབ་པ། རང་རྟོགས་ཀྱི་སྒོ་ནས་དོ་དམ་ཆུ་ཚད་དང་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ། དེ་བཞིན་རང་ངོས་ཀྱི་ལས་ཀའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐར་མི་ཚང་མ་ཞུགས་པ་དང་ཕྱོགས་ཡོངས་ནས་དོ་དམ་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
质量教育
གཞི་རྩའི་བསམ་བློ།
མི་རྩ་བར་འཛིན་པ།
1 ​གཞི་རྩའི་ཆ་འཕྲིན།

“མི་རྩ་བར་འཛིན་པ”ནི་སྤུས་ཚད་དོ་དམ་གྱི་གཞི་རྩའི་བསམ་བློའི་གྲས་ཤིག་ཡིན་པས། དེས་ཁེ་ལས་ལ་ངེས་པར་དུ“སློབ་གསོ་ནས་འགོ་བཙུགས་ཏེ་མཐར་སློབ་གསོ་ནས་འགོ་བརྩམ་དགོས”ཞེས་བླང་བྱ་བཏོན་ཡོད། སྤུས་ཚད་སློབ་གསོ་ནི་ཁེ་ལས་ཡོངས་སྤུས་ཚད་དོ་དམ་བྱེད་སྒོར་ཞུགས་ནས་སྤུས་ཚད་དོ་དམ་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན།  

ལས་མི་ཡོངས་ཀྱི་སློབ་གསོའི་གོ་དོན་ཁ་གསལ་བཟོས་ནས་མི་ཤུགས་ཐོན་ཁུངས་ཀྱི་རྨང་གཞི་བཏིང་བ།

ལས་མི་ཡོངས་ཞུགས་པ་ཞེས་པ་ནི་ལས་བཟོ་པ་ཡོངས་ཀྱིས་ཁེ་ལས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཡུལ་དང་ཁ་ཕྱོགས་ལ་དམིགས་ནས་སྒྲིག་འཛུགས་ཡོད་པ་དང་། དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ། མཐུན་སྦྱོར་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བྱེད་སྒོར་ཞུགས་པར་ཟེར། ལས་བཟོ་བ་ཡོངས་ཞུགས་པ་ནི་ལས་བཟོ་བ་ཚང་མས་རང་ཉིད་ཀྱི་འཇོན་ཐང་འདོན་སྤེལ་བྱེད་པར་འཚམ་པའི་ཁོར་ཡུག་ཅིག་ཏུ་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཆེད་དུ་ཡིན། ལས་གནས་མི་འདྲ་བར་གནས་པའི་ལས་བཟོ་ཚོས་ཁེ་ལས་ཀྱི་རིག་གནས་ཀྱི་བག་ཆགས་བཟང་པོ་བརྒྱུད་རིན་ཐང་ལྟ་བ་ཡང་དག་པ་འཛུགས་རྒྱུར་འདུ་ཤེས་དང་བྱ་སྤྱོད་བཟང་པོ་ལྡན་པ་མ་ཟད། བསམ་བློ་དང་བྱ་སྤྱོད་ཐད་རང་རྟོགས་ངང་ཁེ་ལས་དང་གཅིག་མཐུན་ཡོང་བ་བྱེད་དགོས། བསམ་བློ་དང་བྱ་སྤྱོད་ཐོག་གཅིག་མཐུན་བྱུང་བ་འདི་རིགས་ཀྱིས་ལས་བཟོ་ཡོངས་ཞུགས་པར་ཁ་ཕྱོགས་དང་དམིགས་འབེན་གསལ་པོ་ལྡན་པར་བྱས་ཏེ། ཁེ་ལས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པར་མི་ཤུགས་ཐོན་ཁུངས་ཀྱི་རྨང་གཞི་འདིང་དགོས་པ་དེ་ནི་ལས་བཟོ་ཡོངས་རྫོགས་སྤུས་ཚད་དོ་དམ་ནང་ཞུགས་པའི་གོ་དོན་ཡིན། ཐོན་རྫས་ཀྱི་སྤུས་ཚད་དེ་ཁེ་ལས་ཀྱི་མི་སྣ་ཡོངས་ལ་རག་ལས་ཡོད་པས་ན། མི་ཚང་མ་སྤུས་ཚད་དོ་དམ་ནང་ཞུགས་དགོས་པའི་བླང་བྱ་འདོན་དགོས་ན། ངེས་པར་དུ་རྒྱུན་ཆད་མེད་པར་མི་སྣ་ཡོངས་ལ་སྤུས་ཚད་སྐོར་གྱི་སློབ་གསོ་བཏང་ནས་ཁོ་ཚོའི་བསམ་བློའི་ཐོག་སྤུས་ཚད་ལ་མཐོང་ཧ་ཅང་ཆེན་པོ་བྱེད་དུ་འཇུག་པ་དང་། དོ་དམ་ཐད་རང་ཉིད་ཀྱི་ལས་ཀ་དང་འཚམ་པའི་སྤུས་ཚད་དོ་དམ་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ་རང་ཉིད་ལ་ལག་རྩལ་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོན་པོ་ཡོད་པར་བྱ་དགོས།  

སྤུས་ཚད་མ་གནས་ཀྱི་སློབ་གསོ་སྤེལ་ནས་ཐོན་རྫས་ཀྱི་མ་གནས་འབྲེལ་བར་མཐོང་ཆེན་བྱས།  

སྤུས་ཚད་སློབ་གསོ་སྤེལ་བར་ཐོག་མར་ཁེ་ལས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་དོ་དམ་མི་སྣར་སྤུས་ཚད་མ་གནས་དོ་དམ་གྱི་སློབ་གསོ་སྤེལ་ནས་ཁོང་ཚོའི་སྤུས་ཚད་དང་མ་གནས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། སློབ་སྦྱོང་བྱེད་པའི་གཙོ་གནད་དེ་སྤུས་ཚད་ཀྱི་མ་གནས་དང་ཐོན་རྫས་ཀྱི་མ་གནས་བར་གྱི་འབྲེལ་བ་དང་། སྤུས་ཚད་ཀྱི་མ་གནས་དང་ཐོན་རྫས་ཀྱི་སྤུས་ཚད་བར་གྱི་འབྲེལ་བ། སྤུས་ཚད་ཀྱི་མ་གནས་ཀྱིས་ཁེ་ལས་ཀྱི་འགྲོ་གྲོན་ཁག་ནང་ཟིན་པའི་བསྡུར་ཚད། སྤུས་ཚད་ཀྱི་མ་གནས་ཀྱིས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་ཐད་ལ་བཞག་ནས་ཁེ་ལས་ཀྱི་འགོ་ཁྲིད་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་ལ་ཚད་མཐོའི་མཐོང་ཆེན་བྱེད་དུ་འཇུག་དགོས།  

དེ་ནས་སྤུས་ཚད་དོ་དམ་མི་སྣ་དང་། འབྲེལ་ཡོད་ལག་རྩལ་མི་སྣ། བསྡོམས་རྩིས་དང་ནོར་དོན་མི་སྣར་སློབ་གསོ་དང་གསོ་སྦྱོང་བྱེད་དགོས།(མི་སྣ་དེ་དག་ནི་སྤུས་ཚད་མ་གནས་དོ་དམ་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན)གསོ་སྦྱོང་དུས་མཚམས་དབྱེ་ནས་སྤེལ་རེས་གཙོ་བོར་འཛིན་དགོས། སྤུས་ཚད་མ་གནས་དོ་དམ་བྱེད་པའི་ཐོག་མའི་དུས་སུ། གཙོ་བོ་སྤུས་ཚད་མ་གནས་དོ་དམ་བྱེད་པའི་གཞི་རྩའི་རྩ་བའི་རིགས་པ་དང་། དོན་སྤྱི། བྱེད་ཐབས། དེ་བཞིན་སྤུས་ཚད་དོ་དམ་གྱི་རྩ་བའི་རིགས་པ་དང་ཐབས་ཤེས་སོགས་སློབ་སྦྱོང་བྱེད་དགོས། རྨང་གཞི་དེའི་ཐོག་སློབ་མས་ཁེ་ལས་ཀྱི་སྤུས་ཚད་དོ་དམ་གྱི་ད་ལྟའི་གནས་ཚུལ་དང་། སྤུས་ཚད་མ་ལག་གི་གྲུབ་ཚུལ། དངོས་ཡོད་འཁོར་སྐྱོད་གནས་ཚུལ་བཅས་ཤེས་རྟོགས་དང་རྒྱུས་མངའ་ཡོད་པ་བྱས་ཏེ། གཅིག་པུས་སྤུས་ཚད་མ་གནས་དོ་དམ་མ་ལག་ཆ་ཚང་ཞིག་བཏོན་ནས་ཕན་ཚུན་སྤེལ་རེས་དང་དགེ་ལེན་སྐྱོན་སེལ་བྱ་དགོས། དེ་རྗེས་སློབ་མའི་ཇུས་གཞི་དང་བསམ་འཆར་ཕྱོགས་བསྡུས་བྱས་ཏེ་ཁེ་ལས་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མ་གནས་དོ་དམ་མ་ལག་འཛུགས་དགོས།  

2 ཆ་འཕྲིན་གཞན་དག

གནད་དོན་ཤེས་རྟོགས་ཐུབ་པའི་འདུ་ཤེས་གསོ་སྐྱོང་བྱས་ནས་གནད་དོན་ཐག་གཅོད་བྱེད་འགན་འཁུར་དགོས།

རིགས་གཅིག་མཁས་ཅན་ཁག་གཅིག་གིས་སྤུས་ཚད་གསོ་སྦྱོང་སློབ་གསོ་བརྒྱུད་ལས་བཟོ་ཚང་མའི་ཀླད་པའི་ནང་སྤུས་ཚད་ཀྱི་འདུ་ཤེས་ཟབ་མོ་བཙུགས་ནས་ཁོང་ཚོ་ཚང་མར་སྤུས་ཚད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་མ་ཟད། ཁེར་རྐྱང་ངམ་ཡང་ན་མི་གཞན་དག་དང་མཉམ་ལས་བྱས་ཏེ་སྤུས་ཚད་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་འགན་འཁྲི་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད། གནས་སྐབས་ཀྱི་ལས་བཟོ་པ་ཞིག་ལ་མཚོན་ནའང་དེ་ལྟར་བྱ་དགོས། ཁེ་ལས་ཀྱི་ལས་བཟོ་པ་ཚང་མས་ཁོ་ཚོ་སོ་སོའི་ལས་ཀའི་ནང་དོན་དང་འབྲེལ་བ་ཡོད་པའི་ལྷུ་ཚིགས(དཔེར་ན་ཐོན་སྐྱེད་སྒྲུབ་རིམ་གཅིག་གི་ལས་གནས་མི་འདྲ་བའི་བར)ཤེས་རྟོགས་བྱེད་དུ་བཅུག་སྟེ། ལས་བཟོ་ཚང་མས་རང་ཉིད་ཀྱི་ལྷུ་ཚིགས་འདིའི་ལས་ཀར་གནད་དོན་བྱུང་ན། ཕྱོགས་གང་དག་གི་ཐད་ནས་འབྲེལ་ཡོད་ལྷུ་ཚིགས་ཀྱི་ལས་ཀར་ཤུགས་རྐྱེན་ཐེབས་སྲིད་པ་ངོས་འཛིན་བྱེད་ཐུབ་པ་བྱེད་དགོས། དེ་ཡང་གསལ་པོར་བཤད་ན་ལས་བཟོ་བ་ཚང་མས་རང་ཉིད་ཀྱི“མགྲོན་པོ”འཚོལ་དུ་འཇུག་དགོས། འདིར་བཤད་པའི“ཚོང་མགྲོན”ཞེས་པ་ནི་ཀུང་སིའི་ཐོན་རྫས་སམ་ཞབས་ཞུ་འཛད་སྤྱོད་བྱེད་མཁན(ཕྱི་རོལ་གྱི་ཚོང་མགྲོན)ལ་ཟེར་བ་མིན་པར། གཙོ་བོ་ཁེ་ལས་ནང་ཁུལ་གྱི“ཚོང་མགྲོན”(ནང་ཁུལ་གྱི་ཚོང་མགྲོན)ལ་ཟེར། དཔེར་ན་ཐོན་སྐྱེད་སྒྲུབ་རིམ་ཞིག་གི་ལས་རིམ་ག་གེ་མོའི་བཟོ་པས་ལས་རིམ་རྗེས་མའི་བཟོ་པ་རྣམས་རང་ཉིད་ཀྱི་མགྲོན་པོར་བརྩི་དགོས་པ་དང་། མི་རེ་རེས་རང་ཉིད་ཀྱི“ཉོ་མཁན”གྱི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས།  

སློབ་གསོའི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ལས་བཟོར་རྒྱུན་མཐུད་སློབ་སྦྱོང་བྱ་རྒྱུར་སྐུལ་ལྕག་བཏང་བ།

ཁེ་ལས་ནས་ཡོང་བའི་དོ་དམ་པས་སྤུས་ཚད་སློབ་གསོ་དང་ཆབས་ཅིག་ད་དུང་ལས་བཟོའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་དངོས་པོའི་ཐོག་དང་བསམ་པའི་ཐོག་ནས་སྐུལ་མ་གཏོང་རྒྱུར་དོ་སྣང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད། དཔེར་ན། བྱ་དགའི་དངུལ་དེ་ཐོན་རྫས་ཀྱི་སྤུས་ཚད་དང་ཟུང་འབྲེལ་བྱས་ཆོག་པ་དང་། སྤུས་ཚད་ལེགས་ན་བྱ་དགའི་དངུལ་མཐོ་བ་དང་། སྤུས་ཚད་ཞན་དུ་སོང་ན་བྱ་དགའི་དངུལ་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་སྲིད། དེང་སྐབས་ཚོང་རའི་འགྲན་རྩོད་ནི་སྤུས་ཚད་ཀྱི་འགྲན་རྩོད་ཡིན་པ་དང་། སྤུས་ཚད་ཀྱི་འགྲན་རྩོད་ནི་ལག་རྩལ་དང་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན་པ་ཤེས་དགོས། སྤུས་ཚད་སློབ་གསོར་ཤུགས་སྣོན་བརྒྱབ་ན་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན།

དོ་སྣང་བྱེད་དགོས་པ་ཞིག་ནི། སྤུས་ཚད་སློབ་གསོ་ནི་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པའི་བྱ་བ་ཞིག་མིན་པར། རྒྱུན་ཆད་མེད་པར་རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་སྤེལ་དགོས། རྒྱུ་མཚན་ནི་དེང་རབས་ཀྱི་ཤེས་བྱ་དང་ལག་རྩལ་གསར་སྒྱུར་གྱི་དུས་འཁོར་ཇེ་ཐུང་དུ་འགྲོ་བཞིན་ཡོད་པས། རྒྱུན་ཆད་མེད་པར་སློབ་སྦྱོང་དང་དུས་བཀག་ལྟར་སྦྱོང་བརྡར་བྱས་ན་ད་གཟོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཐུབ་པས་རེད། སློབ་སྦྱོང་འདི་རིགས་ནི་དོན་དངོས་ཐོག་དེང་རབས་ཁེ་ལས་ཀྱི་ལས་བཟོ་པའི་བསམ་པའི་དགོས་མཁོ་ཞིག་ཡིན་ལ། ལས་བཟོ་པའི་དགོས་མཁོ་སྐོང་བ་དང་ལས་བཟོ་པར་སྐུལ་མ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན།


དཔྱད་གཞིའི་ཡིག་ཆ།