ཟེ་མཁར་ཆོས་སྡེ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:45ལ་འགྲུབ།

ཟེ་མཁར་ཆོས་སྡེ།

ཟེ་མཁར་ཆོས་སྡེ་ནི་གངས་ཅན་ཆོས་འཕེལ་གྱི་མཁན་ཐོག་གཉིས་པ་སྟོབས་ལྡན་འོད་ཟེར་གྱི་སློབ་མ་ངམ་རིང་བ་བྱམས་པ་བསྟན་འཕེལ་གྱིས་བཏབ་པའི་ཆོས་སྡེ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁྱབ་ཁོངས།
ཆོས་ལུགས།
རིགས་དབྱེ།
དགོན་སྡེ།
ཕྱག་འདེབས་མཁན།
ངམ་རིང་བ་བྱམས་པ་བསྟན་འཕེལ།
1 ངོ་སྤྲོད་མདོར་བསྡུས།

ཟེ་མཁར་ཆོས་སྡེ་ནི། གངས་ཅན་ཆོས་འཕེལ་གྱི་མཁན་ཐོག་གཉིས་པ་སྟོབས་ལྡན་འོད་ཟེར་གྱི་སློབ་མ་ངམ་རིང་བ་བྱམས་པ་བསྟན་འཕེལ་གྱིས་བཏབ། དེ་རྗེས་སངས་རྒྱས་དཀོན་ཅོག ཐུབ་བསྟན་འཕྲིན་ལས། ཤེས་རབ་འཕྲིན་ལས།གྲམ་མཚོ་ཆོས་དབང་གྲགས་ཁམས་པ། བཤེས་གཉེན་བཟང་པོ། ཆོས་གྲགས་པ། དགེ་འདུན་དཔལ་ལྡན་པ། ཚུལ་ཁྲིམས་བཀྲ་ཤིས། དཔལ་འབྱོར་གྲགས་པ། རྡོར་གྲག་པ་དགེ་རྒྱམ། ས་ལུང་བསོད་ནམས་བཀྲ་ཤིས། ངམ་ཆར་ཆོས་འཛིན་གྲགས་པ། སྣར་ཐང་གྲགས་པ་དཔལ་ལྡན། བྲག་སྣ་ལེགས་པ་དོན་གྲུབ། བསྟན་པ་རྒྱལ་མཚན། ཀོང་པོ་སངས་རྒྱས་དཔལ་འབྱོར། ཤེལ་དཀར་ངག་རྒྱན་པ། པ་སྣམ་ཀུན་དགའ་རྒྱ་མཚོ། ད་ལྟ་སེ་ར་སྨད་དགེ་འདུན་དར་རྒྱས། གཞིས་དགོན་སྔགས་གྲྭ་ནག་པོ་སྐོར་གསུམ་སོགས་བཀྲས་ལྷུན་སྔགས་གྲྭ་དང་ཉེ། གྲྭ་རྒྱུན་འབྲས་སྤུངས་བློ་གསལ་གླིང་། སེ་ར་སྨད། དགའ་ལྡན་བྱང་རྩེ། བཀྲས་ལྷུན་དང་གངས་ཅན་གྱི་ཤར་རྩེ་རྣམས་སུ་འགྲོ། ཨང་དང་གྲྭ་པ་བདུན་ཅུ་དོན་གཅིག་སྐོར།