མང་མཁར་ཆ་ལུང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:46ལ་འགྲུབ།

མང་མཁར་ཆ་ལུང་།

མང་མཁར་ཆ་ལུང་ནི་པཎ་ཆེན་འབུམ་ཕྲག་གསུམ་པའི་དངོས་སློབ་གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ་གྱིས་བཏབ་པའི་དགོན་པ་ཆོས་སྡེ་ཞིག་ཡིན། རྗེ་ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱིས་ཡུན་རིང་བཞུགས་ཤིང་། པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚོགས་བདག་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་དཔལ་རྟ་མགྲིན་ཞལ་གཟིགས་པའི་གནས་ཡིན་པར་གྲགས།
གཞི་རྩའི་གནས་ཚུལ།

ཁྱབ་ཁོངས།
ཆོས་ལུགས།
རིགས་དབྱེ།
དགོན་སྡེ།
ཕྱག་འདེབས་མཁན།
གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ།
1 ངོ་སྤྲོད་མདོར་བསྡུས།

མང་མཁར་ཆ་ལུང་ནི། པཎ་ཆེན་འབུམ་ཕྲག་གསུམ་པའི་དངོས་སློབ་གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ་གྱིས་བཏབ། རྗེ་ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱིས་ཡུན་རིང་བཞུགས་ཤིང་། པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚོགས་བདག་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་དཔལ་རྟ་མགྲིན་ཞལ་གཟིགས་པའི་གནས་ཡིན་པར་གྲགས། བར་སྐབས་ཇོ་ནང་པས་བདག ཕྱིས་ཀུན་དགའ་ཆོས་བཟང་། ད་ལྟ་ཀྲེ་པ་བ། བྱང་གཏེར་ཐུགས་རྗེ་ཆེན་པོ་སོགས་གཏོང་། ཨང་གཉིས་བཙུན་མ་བཞི་བཅུ་ཞེ་དགུ་སྐོར།