ས་ལུང་དགའ་ལྡན་ཆོས་འཁོར།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:46ལ་འགྲུབ།

ས་ལུང་དགའ་ལྡན་ཆོས་འཁོར།

ས་ལུང་དགའ་ལྡན་ཆོས་འཁོར་ནི་ལྡོག་དགེ་བཅུ་བ་རྡོ་རྗེ་རྒྱལ་མཚན་གྱིས་བཏབ་པའི་དགོན་པ་ཞིག་ཡིན་ཞིང་། ཐོག་མར་ཆོས་ལུགས་ས་སྐྱ་པ་ནས་ཕྱིས་གངས་ཅན་པ་ཡེ་ཤེས་རྩེ་མོས་བླ་མ་མཛད་པ་ནས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་སུ་འགྱུར།
གཞི་རྩའི་གནས་ཚུལ།

ཁྱབ་ཁོངས།
ཆོས་ལུགས།
རིགས་དབྱེ།
དགོན་སྡེ།
ཕྱག་འདེབས་མཁན།
ལྡོག་དགེ་བཅུ་བ་རྡོ་རྗེ་རྒྱལ་མཚན།
1 ངོ་སྤྲོད་མདོར་བསྡུས།

ས་ལུང་དགའ་ལྡན་ཆོས་འཁོར་ནི། ལྡོག་དགེ་བཅུ་བ་རྡོ་རྗེ་རྒྱལ་མཚན་གྱིས་བཏབ། ཆོས་ལུགས་ས་སྐྱ་པ། ཕྱིས་གངས་ཅན་པ་ཡེ་ཤེས་རྩེ་མོས་བླ་མ་མཛད་པ་ནས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་སུ་འགྱུར། དེ་ནས་མང་མཁར་དགེ་འདུན་དཔལ་འབྱོར། ས་ལུང་དཀོན་ཅོག་ཆོས་བཟང་། བཙག་པ་འཕྲིན་ལས་དཔལ་འབྱོར། ད་ལྟ་ཤབ་དགེ་འདུན་ཡར་འཕེལ། གསང་འཇིགས་ཀུན་རིག་སོགས་རྒྱུད་སྨད་པར་ཉེ། གྲྭ་རྒྱུན་སློབ་གཉེར་བཀྲས་ལྷུན་ཤར་རྩེ་དང་གངས་ཅན་ཤར་རྩར་འགྲོ། ཨང་གཉིས་གྲྭ་པ་དྲུག་ཅུ་སྐོར།