མདོ་མཁར་དགའ་ལྡན་དར་རྒྱས་གླིང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:46ལ་འགྲུབ།

མདོ་མཁར་དགའ་ལྡན་དར་རྒྱས་གླིང་།

མདོ་མཁར་དགའ་ལྡན་དར་རྒྱས་གླིང་ནི་མགོན་པོ་རྒྱ་མཚོ་བས་བཏབ་ཅིང་། དེའི་དབོན་བརྒྱུད་དཔལ་ལྡན་རྒྱ་མཚོས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ལུང་བསྟན་ཞུས་ཏེ། རྐྱང་རིའི་བྱང་ཕྱོགས་སུ་སྤོས། མིང་དགའ་ལྡན་དར་རྒྱས་གླིང་དུ་བསྩལ།
གཞི་རྩའི་གནས་ཚུལ།

ཁྱབ་ཁོངས།
ཆོས་ལུགས།
རིགས་དབྱེ།
དགོན་སྡེ།
ཕྱག་འདེབས་མཁན།
མགོན་པོ་རྒྱ་མཚོ།
1 ངོ་སྤྲོད་མདོར་བསྡུས།

མདོ་མཁར་དགའ་ལྡན་དར་རྒྱས་གླིང་ནི། མགོན་པོ་རྒྱ་མཚོ་བས་བཏབ་ཅིང་། དེའི་དབོན་བརྒྱུད་དཔལ་ལྡན་རྒྱ་མཚོས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ལུང་བསྟན་ཞུས་ཏེ། རྐྱང་རིའི་བྱང་ཕྱོགས་སུ་སྤོས། མིང་དགའ་ལྡན་དར་རྒྱས་གླིང་དུ་བསྩལ། དེ་རྗེས་རྒྱ་མཁར་པ་དགེ་འདུན་དཔལ་གྲུབ། ཟངས་མཁར་དཀོན་རིན་པ། དགེ་འདུན་དཔལ་འབྱོར། གུ་གེ་འཇམ་དབྱངས་རྒྱལ་མཚན། རྟ་ནག་ནོར་རྒྱན་པ། ཁལ་ཁ་བཟོད་པ་རྒྱ་མཚོ། མང་ཡུལ་བསོད་ནམས་ཆོས་འཕེལ། ཟངས་མཁར་བློ་བཟང་བཀྲ་ཤིས། ད་ལྟ་གཏིང་སྐྱེས་བློ་བཟང་བསྟན་པ་དར་རྒྱས། འཇིགས་བྱེད་བཅུ་གསུམ་མ་དང་། ཀུན་རིག  སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་སོགས་གཏོང་། མདོ་ཕྱོགས་ཀྱི་སློབ་གཉེར་བཀྲ་ཤིས་ལྷུན་པོ་དཀྱིལ་ཁང་དུ་འགྲོ། ཨང་དང་གྲྭ་གྲངས་བཞི་བཅུ་ཞེ་གཉིས་སྐོར།  

བརྡ་འགྲེལ་གདོང་འཛར།

དགོན་སྡེ། མགོན་པོ་རྒྱ་མཚོ།