བསམ་གྲུབ་དགའ་ལྡན།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:46ལ་འགྲུབ།

བསམ་གྲུབ་དགའ་ལྡན།

བསམ་གྲུབ་དགའ་ལྡན་ནི་ཡ་ག་ཆོས་སྡེ་བ་ནང་ཅུང་ཟད་མ་མཐུན་པར་བརྟེན་དགེ་འདུན་བདུན་ཅུ་སྐོར་ཞིག་ཡུལ་དོན། ལྡོག་གི་ཕུར་བཞུགས་ཏེ་འཇམ་མགོན་བླ་མ་བཙོང་ཁ་པ་ཆེན་པོའི་རིང་ལུགས་སུ་ཞུགས་ཤིང་སྔར་བས་ཆེས་སྤྲོ་སྟེ་བདག་ཅག་གི་བསམ་པ་འགྲུབ་བོ་ཞེས་མགྲིན་གཅིག་ཏུ་སྨྲས་པས་བསམ་གྲུབ་དགའ་ལྡན་པར་གྲགས། བྱང་ཁང་གསར་བ་འཇམ་དབྱངས་དཔལ་ལྡན་རྒྱལ་མཚན་གྱིས་བདག་གིར་བཟུང་།
གཞི་རྩའི་གནས་ཚུལ།

ཁྱབ་ཁོངས།
ཆོས་ལུགས།
རིགས་དབྱེ།
དགོན་སྡེ།
ཕྱག་འདེབས་མཁན།
མི་གསལ།
1 ངོ་སྤྲོད་མདོར་བསྡུས།

ལྔ་པ་བསམ་གྲུབ་དགའ་ལྡན་ནི། ཡ་ག་ཆོས་སྡེ་བ་ནང་ཅུང་ཟད་མ་མཐུན་པར་བརྟེན་དགེ་འདུན་བདུན་ཅུ་སྐོར་ཞིག་ཡུལ་དོན། ལྡོག་གི་ཕུར་བཞུགས་ཏེ་འཇམ་མགོན་བླ་མ་བཙོང་ཁ་པ་ཆེན་པོའི་རིང་ལུགས་སུ་ཞུགས་ཤིང་སྔར་བས་ཆེས་སྤྲོ་སྟེ་བདག་ཅག་གི་བསམ་པ་འགྲུབ་བོ་ཞེས་མགྲིན་གཅིག་ཏུ་སྨྲས་པས་བསམ་གྲུབ་དགའ་ལྡན་པར་གྲགས། བྱང་ཁང་གསར་བ་འཇམ་དབྱངས་དཔལ་ལྡན་རྒྱལ་མཚན་གྱིས་བདག་གིར་བཟུང་། དེའི་སློབ་མ་ཚུལ་ཁྲིམས་ལེགས་པས་དར་རྒྱས་སུ་མཛད། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་སྐྱེ་བར་གྲགས་པ་རྒྱལ་སྲས་དཔལ་ལྡན་རྒྱལ་མཚན་བླ་མར་བསྐོས། དེ་ནས་རིམ་པ་ལྟར་བཀྲ་ཤིས་དཔལ་འབྱོར། ནམ་མཁའ་བཟང་པོ། བྱང་སྟོན་ཡེ་ཤེས་གྲགས། ཐོན་པ་སངས་རྒྱས་རྒྱ་མཚོ། བདེ་ཐང་པ་དགེ་ལེགས་རྒྱ་མཚོ། འཇམ་དབྱངས་བཤེས་གཉེན། རིན་ཆེན་དཔལ་འབྱོར། དམ་ཆོས་ཡར་འཕེལ། ཤེས་རབ་རྒྱ་མཚོ། བརྩོན་འགྲུས་འོད་ཟེར། བྱམས་པ་རྒྱ་མཚོ། རྒྱལ་བ་དཔལ་འབྱོར་དབང་པོ། སླ་ཟླ་བ་བློ་གྲོས་ཆོས་རྒྱན། རྒྱལ་བྱེད་པ་བརྩོན་འགྲུས་རྣམ་རྒྱལ། འདི་ཡན་ལ་མདོའི་འཆད་ཉན་དར་བར་བྱུང་། དེ་ནས་ཐོན་པ་བློ་བཟང་ཆོས་འཕེལ། ལྷ་ཕུ་དམ་ཆོས་རྣམ་རྒྱལ། དགའ་བ་གདོང་བློ་བཟང་བསྟན་འཕེལ། སྤོ་འབོར་བློ་བཟང་ཆོས་འཕེལ། སེ་ར་ཤར་པ་སངས་རྒྱས་འཕྲིན་ལས། སྟོད་ལུང་ངག་དབང་སྟོབས་ལྡན། འཕན་པོ་བློ་བཟང་ཀུན་དགའ། སྡིངས་ཁ་བ་བློ་བཟང་ལྷུན་གྲུབ། ད་ལྟ་སེ་ར་སྨད་བློ་བཟང་དར་རྒྱས། གཞིས་དགོན་སྔགས་གྲྭ། མདོ་ཕྱོགས་ཀྱི་སློབ་གཉེར་གྲྭ་རྒྱུན་བཀྲ་ཤིས་ལྷུན་པོར་འགྲོ། ཨང་དང་གྲྭ་གྲངས་ཉིས་བརྒྱ་དང་བཞི་བཅུ་ཞེ་དྲུག་སྐོར།