སྤྱི་འབོར་ལས་ཤོར།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2022-05-20 10:42ལ་འགྲུབ།

སྤྱི་འབོར་ལས་ཤོར།

དེང་རབས་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་ལས་ཤོར་ལ་རིགས་གསུམ་དུ་དབྱེ་ཡོད་པ་སྟེ། སྤྱི་འབོར་ལས་ཤོར་དང་། གཙུབ་བརྡར་རང་བཞིན་གྱི་ལས་ཤོར། སྒྲིག་གཞི་རང་བཞིན་གྱི་ལས་ཤོར་བཅས་ཡིན། སྤྱི་འབོར་ལས་ཤོར་ཞེས་པ་ནི་ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་མཁོ་སྤྲོད་དེ་སྤྱིའི་དགོས་མཁོ་ལས་མང་བའི་ལས་ཤོར་ལ་ཟེར། སྟབས་བདེའི་སྒོ་ནས་བཤད་ན་དཔལ་འབྱོར་ཁྲོད་དུ་ལས་གནས་དེ་འདྲ་མང་བོ་མེད་པ་དང་། ལས་གནས་ཀྱི་མི་མང་བོ་དེ་འདྲ་མེད་ན་ལས་ཀ་རྙེད་མི་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
总量失业
གཞན་དག
གཙུབ་བརྡར་རང་བཞིན་གྱི་ལས་ཤོར་དང་སྒྲིག་གཞི་རང་བཞིན་གྱི་ལས་ཤོར།
ཕྱི་ཡིག་གི་མིང་།
ལས་ཤོར་རིགས་ཀྱི་གྲས་ཤིག་ཡིན།
འབྱུང་རྐྱེན།
ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་མཁོ་སྤྲོད་དེ་སྤྱིའི་དགོས་མཁོ་ལས་ཆེ་བ་ཡིན།
1 ངོ་སྤྲོད་མདོར་བསྡུས།

ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ཀྱི་གནས་བབ་ལ་བལྟས་ན། རང་རྒྱལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་། ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་བསྡོམས་འབོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་སྟེ། གཞི་རྩའི་གྲངས་འབོར་ལྷག་མ་ཚབས་ཆེན་གྱི་གནས་སུ་གྱར་ཡོད།

2 གནད་དོན་ནང་དོན།

“ལོ་ལྔའི་འཆར་འགོད་བཅུ་བའི”རིང་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆ་སྙོམས་ལོ་རེར་ལས་ཞུགས་མི་གྲངས་གསར་དུ་འཕར་སྣོན་བྱེད་དགོས་མོད། འོན་ཀྱང་ལོ་རེར་ཆ་སྙོམས་སུ་མཁོ་འདོན་བྱེད་ཐུབ་པའི་ལས་ཞུགས་ལས་གནས་ཀྱི་གྲངས་འབོར་ཁྲི800ཡས་མས་ལས་མེད་པ་དང་། ལོ་འཁོར་གྱི་ངལ་རྩོལ་ནུས་ཤུགས་མཁོ་ཚད་ལས་མི་ཁྲི1500མང་བ་ཡོད། སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ2010ལོའི་སྔོན་དུ་རང་རྒྱལ་གྱི་ལོ་ན་རན་པའི་ངལ་རྩོལ་ནུས་ཤུགས་ཀྱི་མི་འབོར་ལོ་རེར་ཆ་སྙོམས་སུ0.6%ནས0.7%བར་འཕར་བ་དང་། ལོ་རེར་ངལ་རྩོལ་ནུས་ཤུགས་ཁྲི1000གསར་དུ་འཕར་བ་དེ་འབྲིང་རིམ་རྒྱལ་ཁབ་གཅིག་གི་མི་འབོར་བསྡོམས་འབོར་དང་ཧ་ལམ་མཚུངས་པ་རེད། དེ་དང་ཆབས་ཅིག་དཔལ་འབྱོར་ལོ་ལྟར་འཕར་ཚད 8%ནས9%བར་གྱི་གནས་ཚུལ་འོག་ལོ་ལྟར་ལས་ཞུགས་ལས་གནས་གསར་བ་ཁྲི800ནས900ལས་མེད་པས་ལས་ཞུགས་ཀྱི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད། བསྡོམས་རྩིས་སྡེ་ཚན་དང་ངལ་རྩོལ་སྡེ་ཚན་གྱི་ཐུན་མོང་བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་གྲངས་དང་ལས་ཤོར་བྱེད་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད་པ་རེད། སྔོན་དཔག་བྱས་ན་སླད་ཕྱིན་གྱི་ལོ་འགའི་ནང་ལས་བྲལ་ནས་ལས་ཤོར་དང་ཟླ་སྒྲིལ་བཏང་རྗེས། ཚད་གཞི་ཡོངས་ཀྱི་བསྡོམས་རྩིས་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད7%གྱི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་སྲིད།

མིག་སྔར། གྲོང་གསེབ་ཏུ་ད་དུང་ངལ་རྩོལ་ནུས་ཤུགས་ལྷག་མ་དུང་ཕྱུར2གནས་སྤོ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་ཚད་ལོ་རེར1%འཕར་བར་གཞིགས་ནས་བརྩིས་ན། ལོ་རེར་ཧ་ལམ་མི་ཁྲི1000གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་པར་བསྒྱུར་དགོས། གལ་ཏེ་ངལ་རྩོལ་ནུས་ཤུགས་ལྷག་མ་འབོར་ཆེན་དེ་དག་གྲོང་ཁྱེར་དུ་སྤོ་སྒྱུར་བྱས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལ་གནོན་ཤུགས་སྔར་ལས་ཆེ་བ་ཐེབས་སྲིད། དེ་དང་ཆབས་ཅིག་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭས་ལོ་བསྟུད་མར་སློབ་མ་བསྡུ་རྒྱ་ཆེ་རུ་བཏང་བ་དང་། སྤྱི་ལོ2005ལོ་ནས་བཟུང་མཐར་ཕྱིན་སློབ་མའི་གྲངས་འབོར་ཆེས་ཆེར་འཕར་ཡོད། སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། སྤྱི་ལོ2006ལོར་རྒྱལ་ཡོངས་སུ་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་ཁྲི465སློབ་གྲྭར་ཐོན་པ་དང་སྤྱི་ལོ2002ལོ་ལས་མི་ཁྲི300མང་དུ་ཕྱིན་ནས་འཕར་ཚད་186%ཟིན་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་མྱུར་དུ་འཕར་བ་དང་བསྡུར་ན། གཞུང་དབང་ཁེ་ལས་ཀྱི་མི་སྣ་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་འགྲོ་བ་དང་། སྲིད་གཞུང་སྡེ་ཁག་གིས་ལས་ཁུངས་ཁུ་བསྡུ་བྱེད་པ། བྱ་ལས་སྡེ་ཚན་ལས་བྲལ་ཁག་བགོས་བྱེད་པ་བཅས་ཚང་མས་ལས་ཞུགས་ལས་གནས་རྒྱུན་ཆད་མེད་པར་ཇེ་ཆུང་དུ་འགྲོ་བ་དང་། ལས་ཞུགས་ཀྱི་གནོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་ངེས་རེད།


དཔྱད་གཞིའི་ཡིག་ཆ།