ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་གདེང་འཇོགསྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2022-05-20 10:41ལ་འགྲུབ།

ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་གདེང་འཇོག

ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་གདེང་འཇོག་ཅེས་པ་ནི་མ་ལག་འཁོར་སྐྱོད་བྱེད་པའི་དུས་སྐབས་ཤིག་གི་རྗེས་སུ་མ་ལག་གསར་བར་ཕྱོགས་ཡོངས་ཀྱི་ནུས་པ་དང་ཕན་འབྲས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། སྔོན་དཔག་གི་དམིགས་ཚད་ལ་སླེབས་མིན་གཏན་འཁེལ་བྱེད་པ་དེ་ཡིན། མ་ལག་གི་གདེང་འཇོག་ནི་མ་ལག་གི་ཚེ་སྲོག་གི་དུས་འཁོར་ཁྲོད་ཀྱི་གོ་རིམ་ཆེས་རྗེས་མ་དེ་ཡིན། དེས་ཚད་ལེན་ཚོད་ལྟ་དང་། འཁོར་སྐྱོད། སྲུང་སྐྱོང་བཅས་ཀྱི་ལས་ཀའི་ཁྲོད་ཀྱི་འབྲེལ་ཡོད་མ་ལག་གི་ནུས་པ་དང་ཕན་འབྲས་ཀྱི་གཞི་གྲངས་བསྡུ་རུབ་བྱས་ཏེ། མ་ལག་གསར་རྙིང་དང་གཞི་གྲངས་བསྡུར་བ་བྱས་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། མཇུག་མཐར་མ་ལག་གསར་བའི་གདེང་འཇོག་སྙན་ཞུ་འདོན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
税收信息系统评价
མཚན་ཉིད།
མ་ལག་འཁོར་སྐྱོད་བྱེད་པའི་དུས་སྐབས་ཤིག་གི་རྗེས་སུ་མ་ལག་གསར་བར་ཕྱོགས་ཡོངས་ཀྱི་ནུས་པ་དང་ཕན་འབྲས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། སྔོན་དཔག་གི་དམིགས་ཚད་ལ་སླེབས་མིན་གཏན་འཁེལ་བྱེད་པ་དེ་ཡིན། མ་ལག་གི་གདེང་འཇོག་ནི་མ་ལག་གི་ཚེ་སྲོག་གི་དུས་འཁོར་ཁྲོད་ཀྱི་གོ་རིམ་ཆེས་རྗེས་མ་དེ་ཡིན། དེས་ཚད་ལེན་ཚོད་ལྟ་དང་། འཁོར་སྐྱོད། སྲུང་སྐྱོང་བཅས་ཀྱི་ལས་ཀའི་ཁྲོད་ཀྱི་འབྲེལ་ཡོད་མ་ལག་གི་ནུས་པ་དང་ཕན་འབྲས་ཀྱི་གཞི་གྲངས་བསྡུ་རུབ་བྱས་ཏེ། མ་ལག་གསར་རྙིང་དང་གཞི་གྲངས་བསྡུར་བ་བྱས་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། མཇུག་མཐར་མ་ལག་གསར་བའི་གདེང་འཇོག་སྙན་ཞུ་འདོན་དགོས།
དཀར་ཆག
1 ནང་དོན།

ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་གདེང་འཇོག་ཅེས་པ་ནི་མ་ལག་འཁོར་སྐྱོད་བྱེད་པའི་དུས་སྐབས་ཤིག་གི་རྗེས་སུ་མ་ལག་གསར་བར་ཕྱོགས་ཡོངས་ཀྱི་ནུས་པ་དང་ཕན་འབྲས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། སྔོན་དཔག་གི་དམིགས་ཚད་ལ་སླེབས་མིན་གཏན་འཁེལ་བྱེད་པ་དེ་ཡིན། མ་ལག་གི་གདེང་འཇོག་ནི་མ་ལག་གི་ཚེ་སྲོག་གི་དུས་འཁོར་ཁྲོད་ཀྱི་གོ་རིམ་ཆེས་རྗེས་མ་དེ་ཡིན། དེས་ཚད་ལེན་ཚོད་ལྟ་དང་། འཁོར་སྐྱོད། སྲུང་སྐྱོང་བཅས་ཀྱི་ལས་ཀའི་ཁྲོད་ཀྱི་འབྲེལ་ཡོད་མ་ལག་གི་ནུས་པ་དང་ཕན་འབྲས་ཀྱི་གཞི་གྲངས་བསྡུ་རུབ་བྱས་ཏེ། མ་ལག་གསར་རྙིང་དང་གཞི་གྲངས་བསྡུར་བ་བྱས་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། མཇུག་མཐར་མ་ལག་གསར་བའི་གདེང་འཇོག་སྙན་ཞུ་འདོན་དགོས།  དེའི་བྱེ་བྲག་གི་ནང་དོན་ལ་འདི་དག་ཡོད་དེ། གཅིག མ་ལག་གི་དམིགས་འབེན་ལ་གདེང་འཇོག་བྱེད་པ། མ་ལག་གསར་བ་དེ་སྔར་གཏན་འཁེལ་བྱས་པའི་མ་ལག་དམིགས་ཚད་ཀྱི་བླང་བྱ་དང་མཐུན་མིན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་གདེང་འཇོག་བྱེད་པ་དང་། ལྷག་པར་དུ་སྤྱོད་མཁན་གྱིས་མ་ལག་གསར་བའི་བེད་སྤྱོད་སྟབས་བདེའི་རང་བཞིན་གྱི་གདེང་འཇོག་ལ་དོ་སྣང་བྱེད་དགོས། གཉིས། མ་ལག་གི་ལག་རྩལ་ནུས་པའི་གདེང་འཇོག མ་ལག་གི་ཁ་གཏད་དུས་ཚོད་དང་། མ་ལག་ལ་ཆ་སྙོམས་སྐྱོན་ཤོར་མེད་པའི་དུས་ཚོད། མ་ལག་གི་སྐྱོན་ཤོར་བའི་སླར་གསོའི་དུས་ཚོད། མ་ལག་གི་ལས་སྒྲུབ་འདོན་འཇུག་བྱེད་ཚད། སྒྲིག་ཆས་བེད་སྤྱོད་བྱེད་ཚད། གོ་རིམ་གྱི་གཞི་ཁྱོན་སོགས་ལག་རྩལ་ནུས་པའི་དམིགས་ཚད་ཚུད་ཡོད། གསུམ། མ་ལག་གི་དཔལ་འབྱོར་ནུས་པར་གདེང་འཇོག་བྱེད་པ། མ་ལག་དབྱེ་ཞིབ་བྱེད་པ་ནས་མ་ལག་ལག་བསྟར་དང་འཁོར་སྐྱོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་སྤྱད་པའི་འགྲོ་གྲོན་ལ“ཚེ་ཚད་ལོ་འཁོར་གྱི་མ་གནས”ཟེར། གཙོ་བོ་བརྒྱུད་རིམ་ལྡན་པའི་གསར་སྤེལ་འགྲོ་གྲོན་དང་། མ་ལག་འཁོར་སྐྱོད་འགྲོ་གྲོན། མ་ལག་དཔལ་འབྱོར་གྱི་ཕན་འབྲས་སོགས་ཡོད། བཞི། མ་ལག་བཀོལ་སྤྱོད་ཀྱི་ནུས་པར་གདེང་འཇོག་བྱེད་པ། ནང་འཇུག་གཞི་གྲངས་ཀྱི་ཡང་དག་རང་བཞིན་དང་། ཕྱིར་གཏོང་གཞི་གྲངས་ཀྱི་ནུས་ལྡན་རང་བཞིན། མ་ལག་ཡིག་ཚགས་ཀྱི་འཐུས་ཚང་རང་བཞིན། མ་ལག་གི་བདེ་འཇགས་རང་བཞིན། མ་ལག་གི་གསང་བའི་རང་བཞིན། བཀོལ་སྤྱོད་སྟབས་བདེའི་རང་བཞིན་སོགས་འདུས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲལ་བསྡུ། ཆ་འཕྲིན། མ་ལག གདེང་འཇོག