ཁྲལ་བསྡུ་གསར་བའི་ཆ་འཕྲིན་མ་ལག་གི་ཁྱབ་ཁོངས།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2022-05-20 10:30ལ་འགྲུབ།

ཁྲལ་བསྡུ་གསར་བའི་ཆ་འཕྲིན་མ་ལག་གི་ཁྱབ་ཁོངས།

ཁྲལ་བསྡུ་གསར་བའི་ཆ་འཕྲིན་མ་ལག་གི་ཁྱབ་ཁོངས་ནི་ཁྲལ་བསྡུ་དོ་དམ་གྱི་ཆ་འཕྲིན་མ་ལག་གསར་བ་དེ་དག་གིས་གྲུབ་པ་ཡིན། མ་ལག་ཧྲིལ་བོས་ད་ལྟ་སྤྱོད་བཞིན་པའི་མ་ལག་ལ་གནས་པའི་གནད་དོན་ལ་དམིགས་ཏེ། གཏན་ཁེལ་བྱས་ཟིན་པའི་མ་ལག་གསར་བའི་དམིགས་འབེན་གྱི་རྨང་གཞིའི་སྟེང་། མ་ལག་གི་བྱེད་ནུས་ལྟར་ཡན་ལག་མ་ལག་འགའ་ལ་བགོས་ནས་མ་ལག་གསར་སྤེལ་གྱི་འཆར་གཞི་བཟོས་ནས་གསར་སྤེལ་གྱི་ཁྱབ་ཁོངས་གཏན་ཁེལ་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新税收信息系统范围
མཚན་ཉིད།
ཁྲལ་བསྡུ་དོ་དམ་གྱི་ཆ་འཕྲིན་མ་ལག་གསར་བ་དེ་དག་གིས་གྲུབ་པ་ཡིན། མ་ལག་ཧྲིལ་བོས་ད་ལྟ་སྤྱོད་བཞིན་པའི་མ་ལག་ལ་གནས་པའི་གནད་དོན་ལ་དམིགས་ཏེ། གཏན་ཁེལ་བྱས་ཟིན་པའི་མ་ལག་གསར་བའི་དམིགས་འབེན་གྱི་རྨང་གཞིའི་སྟེང་། མ་ལག་གི་བྱེད་ནུས་ལྟར་ཡན་ལག་མ་ལག་འགའ་ལ་བགོས་ནས་མ་ལག་གསར་སྤེལ་གྱི་འཆར་གཞི་བཟོས་ནས་གསར་སྤེལ་གྱི་ཁྱབ་ཁོངས་གཏན་ཁེལ་བྱེད་དགོས།
དཀར་ཆག
1 ནང་དོན།

ཁྲལ་བསྡུ་གསར་བའི་ཆ་འཕྲིན་མ་ལག་གི་ཁྱབ་ཁོངས་ནི་ཁྲལ་བསྡུ་དོ་དམ་གྱི་ཆ་འཕྲིན་མ་ལག་གསར་བ་དེ་དག་གིས་གྲུབ་པ་ཡིན། མ་ལག་ཧྲིལ་བོས་ད་ལྟ་སྤྱོད་བཞིན་པའི་མ་ལག་ལ་གནས་པའི་གནད་དོན་ལ་དམིགས་ཏེ། གཏན་ཁེལ་བྱས་ཟིན་པའི་མ་ལག་གསར་བའི་དམིགས་འབེན་གྱི་རྨང་གཞིའི་སྟེང་། མ་ལག་གི་བྱེད་ནུས་ལྟར་ཡན་ལག་མ་ལག་འགའ་ལ་བགོས་ནས་མ་ལག་གསར་སྤེལ་གྱི་འཆར་གཞི་བཟོས་ནས་གསར་སྤེལ་གྱི་ཁྱབ་ཁོངས་གཏན་ཁེལ་བྱེད་དགོས། དེའི་ཕྱིར་གཤམ་གྱི་གནད་དོན་དག་ལ་བསམ་བློ་གཏོང་དགོས། གཅིག བྱེད་ནུས་ཐག་གཅོད་བྱེད་དགོས། མ་ལག་གི་དམིགས་འབེན་གྱི་བླང་བྱ་ལྟར་ད་དུང་ཐག་གཅོད་བྱེད་ནུས་དང་བླང་བྱ་གསར་བ་གང་དག་ཁ་སྣོན་བྱེད་དགོས།

གཉིས། ཐག་གཅོད་བྱེད་སྟངས། ཁྲལ་བསྡུའི་ལས་སྒོ་གང་ཞིག་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

གསུམ། མི་དང་འཕྲུལ་ཆས་མཐུད་ཁ། མ་ལག་གི་ལས་སྒོ་གང་དག་ལག་པས་ཐག་གཅོད་བྱེད་པ་དང་། ལས་སྒོ་གང་དག་རྩིས་འཁོར་གྱིས་ཐག་གཅོད་བྱེད་ཀྱི་ཡོད།

བཞི། གསོག་འཇོག་བྱེད་སྟངས། རྩིས་འཁོར་དུ་གསོག་འཇོག་བྱས་ཆོག་པའི་གཞི་གྲངས་ཡིག་ཆ་གང་དག་དང་། ཡིག་རྐྱང་རྩིས་ཐོའི་དེབ་གང་དག་མེད་པར་བཟོས་ཆོག་པ། ད་དུང་ལག་ཤེས་ཟིན་ཐོ་འགོད་སྟངས་གང་དག་ཁག་ཐེག་བྱེད་དགོས་པ་བཅས་གཏན་འཁེལ་བྱེད་དགོས།

ལྔ། བརྒྱུད་གཏོང་བྱེད་སྟངས། གཞི་གྲངས་བརྒྱུད་གཏོང་བྱེད་སྟངས་དང་ཐབས་ལམ་གཏན་འཁེལ་བྱེད་དགོས། 

གོང་གི་ཕྱོགས་སོ་སོའི་འགྱུར་ལྡོག་གིས་མ་ལག་ལ་ཤུགས་རྐྱེན་མང་བོ་ཐེབས་སྲིད། འདིར་གཞིགས་ནས་ད་ལྟ་སྤྱོད་བཞིན་པའི་རྒྱུད་ཁོངས་གཏན་ཚིགས་དཔེ་དབྱིབས་ཀྱི་བཟོ་བཅོས་ཇུས་གཞི་མང་བོ་བཏོན་ནས། མ་ལག་གསར་བའི་གཏན་ཚིགས་དཔེ་དབྱིབས་ཀྱི་རྣམ་པ་སྔར་ལས་ལྷག་པར་གཏན་འཁེལ་བྱེད་བདེ་བར་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲལ་བསྡུ། ཆ་འཕྲིན། མ་ལག ཁྱབ་ཁོངས།