ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་ལག་བསྟར་བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ་ནི་མ་ལག་གསར་སྤེལ་གྱི་བླང་བྱ་གཞིར་བཟུང་ནས་ཁྲལ་བསྡུའི་ཆ་འཕྲིན་ཅན་གྱི་བརྒྱུད་རིམ་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་བསྡུའི་ཆ་འཕྲིན་མ་ལག་ལ་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་མ་ལག་གི་གནད་དོན་ཁ་གསལ་བཟོ་བ་དང་མ་ལག་གསར་བའི་དམིགས་ཚད་བཟོ་བའི་རྨང་གཞིའི་ཐོག་མིག་སྔར་གསར་སྤེལ་མ་ལག་གསར་བའི་ཆ་རྐྱེན་འཛོམས་ཡོད་མེད་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ་ལག་རྩལ་ཐད་ལག་བསྟར་བྱེད་ཐུབ་མིན་དང་། རྩ་འཛུགས་ཐད་དོན་འཁྱོལ་བྱེད་མིན། དཔལ་འབྱོར་ཐད་རྩིས་རྒྱག་མིན་བཅས་ཀྱི་བརྒྱུད་རིམ་ཁ་གསལ་བཟོ་དགོས།
ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་ལག་བསྟར་བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ་དེ་ཁྲལ་བསྡུའི་གློག་རྩིས་ཡོ་བྱད་ལ་བརྟེན་ནས་ད་ལྟ་སྤྱོད་བཞིན་པའི་ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་ནུས་པ་དང་ལས་ཆོད་ཁག་མཐོ་རུ་གཏོང་བ་དམིགས་ཡུལ་དུ་འཛིན་དགོས་པ་དང་། དེའི་རྨང་གཞིའི་ཐོག་ལག་རྩལ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་དཔལ་འབྱོར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་ལ་བརྟེན་ནས་དུས་རིམ་སོ་སོའི་གསར་སྤེལ་ཇུས་གཞི་དང་ལག་བསྟར་གོ་རིམ་དང་དེའི་དཔལ་འབྱོར་ཕན་འབྲས་བཅས་ཁ་གསལ་བཟོ་དགོས། ཁྲལ་བསྡུའི་མ་ལག་གི་ལག་བསྟར་བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ་བྱས་པ་བརྒྱུད་དེ་གསར་སྤེལ་ཇུས་གཞི་སྣ་ཚོགས་ཁྲོད་ནས་ཇུས་གཞི་ལེགས་སྒྱུར་བྱས་ཏེ་དེའི་ལག་རྩལ་སྤྱོད་གོ་ཆོད་པ་དང་དཔལ་འབྱོར་ལུགས་མཐུན་ཡོང་བར་ཕན་ཐོགས་ཡོད།