ཁྲལ་བསྡུའི་ཆ་འཕྲིན་མ་ལག་དབྱེ་ཞིབ་ནི་བདམས་པའི་ཁྲལ་དོན་ལས་ཁུངས་སམ་ཁྲལ་དོན་སྡེ་ཁག་གིས་དེའི་ཁྲལ་དོན་ཆ་འཕྲིན་ནང་འཇུག་དང་། ཐག་གཅོད། ཕྱིར་འདོན། སྙོམས་སྒྲིག ལྡོག་འདྲེན་བཅས་བྱེད་པར་དམིགས་ཡུལ་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ད་ལྟ་སྤྱོད་བཞིན་པའི་ཁྲལ་བསྡུའི་ཆ་འཕྲིན་མ་ལག་ནི་འཁོར་སྐྱོད་བྱེད་བཞིན་པའི་སྲོལ་རྒྱུན་གྱི་ཁྲལ་བསྡུའི་དོ་དམ་ཆ་འཕྲིན་མ་ལག་ལ་ཟེར། དེའི་འགན་ནུས་སྡེ་ཁག་གི་ལས་སྒོ་ཁག་ལག་ཤེས་བཟོ་ལས་ཀྱི་བཀོལ་སྤྱོད་ཡིན་ཆོག་ལ། ཆ་ཤས་སམ་ཡང་ན་རྣམ་གྲངས་རྐྱང་བའི་རྩིས་འཁོར་གྱི་རམ་འདེགས་དོ་དམ་མངོན་འགྱུར་བྱུང་ཡོད།
ཁྲལ་བསྡུའི་ཆ་འཕྲིན་མ་ལག་དབྱེ་ཞིབ་བྱེད་པའི་ལས་འགན་ནི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་བསྡུའི་མ་ལག་གི་ཆ་འཕྲིན་གནས་ཚུལ་དང་བླང་བྱ་ཞིབ་བཤེར་གསལ་བོ་མཐར་ཕྱིན་པ་བྱེད་པའི་རྨང་གཞིའི་ཐོག་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆ་འཕྲིན་མ་ལག་གི་དཔེ་དབྱིབས་འཛུགས་པ་དང་། གནད་དོན་ལ་དབྱེ་ཞིབ། དམིགས་ཚད་ཁ་གསལ། དཔེ་དབྱིབས་གསར་བ་འདོན་པ། ཁྲལ་བསྡུའི་ཆ་འཕྲིན་མ་ལག་གི་སྙན་ཞུ་ལེགས་འགྲུབ་བཅས་བྱ་བ་དེ་རེད།