ཁྲལ་བསྡུའི་མ་ལག་གི་དཔེ་དུམ་འདུས་ཚད།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2022-05-20 10:26ལ་འགྲུབ།

ཁྲལ་བསྡུའི་མ་ལག་གི་དཔེ་དུམ་འདུས་ཚད།

ཁྲལ་བསྡུའི་མ་ལག་གི་དཔེ་དུམ་འདུས་ཚད་ནི་ཁྲལ་བསྡུའི་གློག་རྩིས་ཅན་གྱི་ཁྲོད་དུ་དཔེ་དུམ་ནང་ཁུལ་གྱི་ཆ་ཤས་སོ་སོའི་འབྲེལ་བ་དམ་ཟབ་ཚད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
税收系统模块聚合度
མཚན་ཉིད།
ཁྲལ་བསྡུའི་གློག་རྩིས་ཅན་གྱི་ཁྲོད་དུ་དཔེ་དུམ་ནང་ཁུལ་གྱི་ཆ་ཤས་སོ་སོའི་འབྲེལ་བ་དམ་ཟབ་ཚད་ལ་ཟེར།
དཀར་ཆག
1 ​ནང་དོན།

ཁྲལ་བསྡུའི་མ་ལག་གི་དཔེ་དུམ་འདུས་ཚད་ནི་ཁྲལ་བསྡུའི་གློག་རྩིས་ཅན་གྱི་ཁྲོད་དུ་དཔེ་དུམ་ནང་ཁུལ་གྱི་ཆ་ཤས་སོ་སོའི་འབྲེལ་བ་དམ་ཟབ་ཚད་ལ་ཟེར། འདུས་ཚད་ཀྱིས་དཔེ་དུམ་གྱི་རང་ཚུགས་ཚད་གཞི་གསལ་བཤད་བྱས་ཡོད་པ་དང་། འདུས་ཚད་ཇི་ལྟར་མཐོ་ན་དཔེ་དུམ་གྱི་རང་ཚུགས་རང་བཞིན་དེ་ཙམ་གྱིས་ཆེ་རུ་འགྲོ་བཞིན་ཡོད། འདུས་ཚད་དང་དཔེ་དུམ་གྱིས་གྲུབ་པའི་བྱེད་ནུས་དང་བཀོལ་སྤྱོད་ཀྱི་གཞི་གྲངས་ལ་འབྲེལ་བ་དམ་པོ་ཡོད། དེ་བས་མ་ལག་ཇུས་འགོད་བྱེད་སྐབས། མ་ལག་གི་བྱེད་ལས་དབྱེ་ཞིབ་གསལ་བོ་བྱས་ནས་བྱེད་ལས་ལྟར་དཔེ་དུམ་བཟོས་ཏེ། དཔེ་དུམ་ལ་རང་ཚུགས་རང་བཞིན་ཅུང་ཆེན་པོ་ལྡན་པར་བྱེད་དགོས།

དམིགས་བསལ་ཅན་དང་སྣ་གཅིག་ཅན་གྱི་བྱེད་ལས་སྡེབ་སྒྲིག་བྱས་ནས་གྲུབ་པའི་དཔེ་དུམ་ལ་བྱེད་ལས་འདུས་སྦྱོར་དཔེ་དུམ་ཟེར། དཔེར་ན། རྩིས་རྒྱག་བྱེད་ལས་ཤིག་མཚོན་པའི་དཔེ་དུམ་ལ་བཟོ་བཅོས་སམ་སྲུང་སྐྱོང་བྱེད་པའི་བྱེད་ལས་དཔེ་དུམ་དང་། པར་འདེབས་རེའུ་མིག་གི་བྱེད་ནུས་སོགས་ཚང་མ་བྱེད་ལས་འདུས་སྒྲིག་དཔེ་དུམ་ཡིན། བྱེད་ལས་ལྟར་འདུས་འདྲེས་ཀྱི་དཔེ་དུམ་འདི་རིགས་འདུས་ཚད་ཆེས་མཐོ་བ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲལ་བསྡུ། མ་ལག དཔེ་དུམ། འདུས་ཚད།