ཁྲལ་བསྡུའི་མ་ལག་གི་དཔེ་དུམ་དབྱེ་འབྱེད་ནི་ཁྲལ་བསྡུའི་མ་ལག་གི་གྲུབ་ཚུལ་དཔེ་རིས་ཇུས་འགོད་ལས་དོན་གྱི་ཁོངས་སུ་གཏོགས། བྱེ་བྲག་ཏུ་བཤད་ན་ཁྲལ་བསྡུའི་གློག་རྩིས་ཅན་གྱི་བརྒྱུད་རིམ་ཁྲོད་མ་ལག་ཆེན་པོ་ཞིག་ཡན་ལག་མ་ལག་དུ་མར་དབྱེ་བ་དང་། ཡན་ལག་མ་ལག་རེ་རེ་ཡང་བསྐྱར་བྱེད་ལས་དཔེ་དུམ་མང་བོར་དབྱེ་ཡོད། རྙོག་འཛིང་ཆེ་བའི་གནད་དོན་སྟབས་བདེ་རུ་བཏང་ན་ད་གཟོད་གོ་རིམ་ཇུས་འགོད་བྱེད་པར་ཞུགས་ཆོག
ཁྲལ་བསྡུའི་མ་ལག་གི་དཔེ་དུམ་དབྱེ་བའི་རྩ་དོན་ནི། ཕྱོགས་གཅིག་ནས་དཔེ་དུམ་རེ་རེའི་རང་ཚུགས་རང་བཞིན་ཆེས་ཆེ་བ་དང་། འདི་ལྟར་བྱས་ན་ཕྱི་རོལ་དང་འབྲེལ་བ་ཆེས་ཉུང་བ་དང་གནད་དོན་ཐག་གཅོད་བྱེད་སླ་བ་ཡིན། ཕྱོགས་གཞན་ཞིག་ནས་དཔེ་དུམ་བར་གྱི་མཐུད་སྣེ་སྟབས་བདེ་རུ་གཏོང་དགོས། དེ་ལྟར་མ་བྱས་ན་དཔེ་དུམ་དབྱེ་འབྱེད་ཆུང་དྲགས་པ་དང་། ཡན་ལག་མ་ལག་གམ་མ་ལག་ཆེན་པོ་གྲུབ་སྐབས། དཔེ་དུམ་བར་གྱི་འབྲེལ་བ་རྙོག་འཛིང་ཆེ་དྲགས་པ་དང་། ཚོད་ལྟའི་ལས་ཚད་ཀྱང་ཆེ་རུ་འགྲོ་སྲིད། དཔེ་དུམ་དབྱེ་འབྱེད་ལུགས་མཐུན་ཡིན་མིན་ནི་ཕྱོགས་འདི་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་བ་དེ་ཡིན། ཡང་དག་པའི་དབྱེ་འབྱེད་དཔེ་དུམ་གྱིས་མ་ལག་ཇུས་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་དང་། མ་ལག་གསར་སྤེལ་གྱི་དུས་ཚོད་མགྱོགས་སུ་གཏོང་ཐུབ་པ། གསར་སྤེལ་གྱི་འགྲོ་གྲོན་དམའ་རུ་གཏོང་ཐུབ་པ་ཡིན།