ལུས་ཀྱི་ཐོག་མ་དང་།ཐ་མའི་རྒྱུ་ལ་བཏག་པར་བྱ་བ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-20 08:09ལ་འགྲུབ།

ལུས་ཀྱི་ཐོག་མ་དང་།ཐ་མའི་རྒྱུ་ལ་བཏག་པར་བྱ་བ་བཅུ་གཉིས།

དཀོན་བརྩེགས་འཕགས་པ་ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བའི་ལུས་ཀྱི་ཐོག་མ་དང་། ཐ་མའི་རྒྱུ་ལ་བཏག་པར་བྱ་བ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ཅ་པ》ཤ344བ5ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 ​རྣམ་གྲངས་འདྲེན་པ།

དཀོན་བརྩེགས་འཕགས་པ་ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.ཕ་མའི་ཁུ་ཆུ་དང་། ཁྲག་འདུས་པ་ལས་ལུས་འབྱུང་སྟེ། འདི་ལ་ཁུ་ཆུ་དང་། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ༎ 

2.ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་པ་སྟེ། ཁམ་གྱི་བཟའ་བའི་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ༎ 

3.བད་ཀན་གྱི་གནས་སུ་ཕྱིན་ནས། བད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ། ཤིན་ཏུ་མི་གཙང་བར་འགྱུར་རོ༎        

4.དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་འགྱུར་ཏེ། རླུང་གི་གནས་སུ་འགྲོའོ༎ 

5.ཞུས་ཏེ་རླུང་གི་གནས་སུ་ཕྱིན་ནས། རླུང་གིས་ཚིགས་མ་ལོགས་ཤིག དྭངས་མ་ལོངས་ཤིག་ཏུ་རྣམ་པར་འབྱེད་དེ། ཚིགས་མ་ལས་ནི་གཅིན་དང་ངན་སྐྱུགས་ལ་སོགས་ཏེ། དྲི་མ་རྣམས་འབྱུང་ངོ་༎ 

6.དྭངས་མ་ལས་ནི་ཁྲག་ཏུ་འགྱུར་རོ༎ 

7.ཁྲག་ལས་ཤའོ༎ 

8.ཤ་ལས་ཚིལ་ལོ༎

9.ཚིལ་ལས་རུས་པའོ༎

10.རུས་པ་ལས་རྐང་ངོ་༎ 

11.རྐང་ལས་ཁུ་ཆུའོ༎ 

12.ཁུ་ཆུ་ལས་ལུས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་། ཕ་མའི་རྒྱུ་མི་གཙང་བའི་ཕྱིར། ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ༎