ལས་གདགས་པ་ལས་བྱུང་བ་སྟེ།
རྒྱུ་གཅིག་གིས་ལས་རྣམས་བསྡུས་ཏེ། ལས་ཞེས་བྱ་བའི་ཕྱིར་རོ༎
1.སེམས་པའི་ལས།
2.ཆེད་དུ་བསམ་པའི་ལས་སོ༎
1.ལུས་ཀྱི་ལས།
2.ངག་གི་ལས།
3.ཡིད་ཀྱི་ལས་སོ༎
1.འདོད་པ་དང་ལྡན་པ།
2.གཟུགས་དང་ལྡན་པ།
3.གཟུགས་མེད་པ་དང་ལྡན་པ།
4.མི་ལྡན་པའི་ལས་སོ༎
1.མཐོང་བས་སྤང་བར་བྱ་བ་ལུང་དུ་བསྟན་པ།
2.ལུང་དུ་མ་བསྟན་པ།
3.སྒོམ་པས་སྤང་བར་བྱ་བ་ལུང་དུ་བསྟན་པ།
4.ལུང་དུ་མ་བསྟན་པ།
5.སྤང་བར་བྱ་བ་མ་ཡིན་པའི་ལས་སོ༎
1.སྡུག་བསྔལ་མཐོང་བས་སྤང་བར་བྱ་བ།
2.ཀུན་འབྱུང་བ།
3.འགོག་པ།
4.ལམ་མཐོང་བས་སྤང་བར་བྱ་བ།
5.སྒོམ་པས་སྤང་བར་བྱ་བ།
6.སྤང་བར་བྱ་བ་མ་ཡིན་པའི་ལས་སོ༎
1.འདོད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ།
2.སྒོམ་པས་སྤང་བར་བྱ་བ།
3.གཟུགས་དང་ལྡན་པ་མཐོང་བས་སྤང་བར་བྱ་བ།
4.སྒོམ་པས་སྤང་བར་བྱ་བ།
5.གཟུགས་མེད་པ་དང་ལྡན་པ་མཐོང་བས་སྤང་བར་བྱ་བ།
6.སྒོམ་པས་སྤང་བར་བྱ་བ།
7.སྤང་བར་བྱ་བ་མ་ཡིན་པའི་ལས་སོ༎
1.འདོད་པ་དང་ལྡན་པའི་དགེ་བ།
2.མི་དགེ་བ།
3.ལུང་དུ་མ་བསྟན་པ།
4.གཟུགས་དང་ལྡན་པའི་དགེ་བ།
5.ལུང་དུ་མ་བསྟན་པ།
6.གཟུགས་མེད་པ་དང་ལྡན་པའི་དགེ་བ།
7.ལུང་དུ་མ་བསྟན་པ།
8.ལྡན་པ་མ་ཡིན་པའི་ལས་སོ༎
1.ལུས་ཀྱི་ལས་དགེ་བ།
2.མི་དགེ་བ།
3.ལུང་དུ་མ་བསྟན་པ།
4.ངག་གི་ལས་དགེ་བ།
5.མི་དགེ་བ།
6.ལུང་དུ་མ་བསྟན་པ།
7.ཡིད་ཀྱི་ལས་དགེ་བ།
8.མི་དགེ་བ།
9.ལུང་དུ་མ་བསྟན་པའོ༎
1.ལུས་ཀྱི་ལས་དགེ་བ་ཟག་པ་དང་བཅས་པ།
2.མི་དགེ་བ།
3.ལུང་དུ་མ་བསྟན་པ།
4.ངག་གི་ལས་དགེ་བ་ཟག་པ་དང་བཅས་པ།
5.མི་དགེ་བ།
6.ལུང་དུ་བསྟན་པ།
7.ཡིད་ཀྱི་ལས་དགེ་བ་ཟག་པ།
8.མི་དགེ་བ།
9.ལུང་དུ་མ་བསྟན་པ།
10.ཟག་པ་མེད་པའི་ལས་སོ༎
1.འདོད་པ་དང་ལྡན་པའི་དགེ་བ།
2.མི་དགེ་བ།
3.བསྒྲིབས་ལ་ལུང་དུ་མ་བསྟན་པ།
4.མ་བསྒྲིབས་ལ་ལུང་དུ་མ་བསྟན་པ།
5.གཟུགས་དང་ལྡན་པའི་དགེ་བ།
6.བསྒྲིབས་ལ་ལུང་དུ་མ་བསྟན་པ།
7.མ་བསྒྲིབས་ལ་ལུང་དུ་མ་བསྟན་པ།
8.གཟུགས་མེད་པ་དང་ལྡན་པའི་དགེ་བ།
9.བསྒྲིབས་ལ་ལུང་དུ་མ་བསྟན་པ།
10.མ་བསྒྲིབས་ལ་ལུང་དུ་མ་བསྟན་པ།
11.ལྡན་པ་མ་ཡིན་པའི་ལས་སོ༎
1.ལུས་ཀྱི་ལས་ཀྱི་དགེ་བ།
2.མི་དགེ་བ།
3.བསྒྲིབས་ལ་ལུང་དུ་མ་བསྟན་པ།
4.མ་བསྒྲིབས་ལ་ལུང་དུ་མ་བསྟན་པ།
5.ངག་གི་ལས་དགེ་བ།
6.མི་དགེ་བ།
7.བསྒྲིབས་ལ་ལུང་དུ་མ་བསྟན་པ།
8.མ་བསྒྲིབས་ལ་ལུང་དུ་མ་བསྟན་པ།
9.ཡིད་ཀྱི་ལས་དགེ་བ།
10.མི་དགེ་བ།
11.བསྒྲིབས་ལ་ལུང་དུ་མ་བསྟན་པ།
12.མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ༎