རིགས་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-20 08:09ལ་འགྲུབ།

རིགས་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་རིགས་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ཆོ་པ》ཤ181བ7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1_1 1.འདོད་པའི་ཁམས་ན་མི་རྣམས་ལ་སྐྱེ་བ་རྣམ་པ་གསུམ།

(1)རིགས་ངན་པར་སྐྱེ་བ།

(2)རིགས་བཙུན་པར་སྐྱེ་བ།

(3)རིགས་ངན་པ་ཡང་མ་ཡིན་རིགས་བཙུན་པ་ཡང་མ་ཡིན་པར་སྐྱེ་བ་དང་གསུམ་མོ༎

1_2 2.འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ།

(1)ལྷ་མ་ཡིན་དུ་སྐྱེ་བ།

(2)ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ།

(3)ནམ་མཁའི་གཞལ་མེད་ཁང་དུ་བརྟེན་པའི་ནང་དུ་སྐྱེ་བ་དང་གསུམ་མོ༎

1_3 3.གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ།

(1)སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅས་པར་སྐྱེ་བ།

(2)འདུ་ཤེས་མེད་པར་སྐྱེ་བ།

(3)འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བ་དང་གསུམ་མོ༎

1_4 4.གཟུགས་མེད་པའི་ཁམས་ན་སྐྱེ་བ་རྣམ་པ་གསུམ།

(1)འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ།

(2)ཅི་ཡང་མེད་པར་འདུ་ཤེས་པ་རྣམས་ཀྱི་ནང་དུ་སྐྱེ་བ།

(3)འདུ་ཤེས་མེད་འདུ་ཤེས་མེད་མིན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་བཅས་སོ༎