གཡོན་ཅན་ལ་ཡང་དག་པར་རྗེས་སུ་སྟོན་པར་མི་མཛད་པ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-20 08:09ལ་འགྲུབ།

གཡོན་ཅན་ལ་ཡང་དག་པར་རྗེས་སུ་སྟོན་པར་མི་མཛད་པ་བཅུ་གཉིས།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་གཡོན་ཅན་ལ་ཡང་དག་པར་རྗེས་སུ་སྟོན་པར་མི་མཛད་པ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཞི་པ》ཤ239བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.གཡོན་ཅན་ནི་གཡོའི་གཞིའི་རྒྱུས་དེ་ཁོ་ནའི་ཤེས་པ་མི་འཐོབ་པ།

2.སྙན་པ་ལས་ཡོངས་སུ་ཉམས་པར་འགྱུར་བ།

3.གཞན་ཡིད་ཆེས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ།

4.ཡོན་ཏན་བསྩགས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ།

5.དམ་པ་རྣམས་ལ་ཆོས་མཉན་པ་དང་། གདམས་ངག་ལས་ཡོངས་སུ་ཉམས་པར་འགྱུར་བ།

6.སྡིག་པ་མང་དུ་བྱེད་པ།

7.སེམས་ཀྱི་རྒྱུད་དགེ་བ་ལས་ཐག་རིང་དུ་བྱེད་པ།

8.གཡོའི་མི་མཉམ་པའི་གནོད་པས་སེམས་སྡུག་བསྔལ་ཞིང་རེག་པར་མི་གནས་པ།

9.གཞན་ལས་སྡུག་བསྔལ་གྱི་ཆོས་རྣམས་ཀྱི་དོགས་པ་འབྱུང་བ།

10.འཕགས་པའི་ཆོས་རྣམས་ཀྱི་སྣོད་དུ་མི་འགྱུར་བ།

11.འགྱོད་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ།

12.ལུས་ཞིགས་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་བཅས་སོ༎