ཡོན་ཏན་གྱི་ཕན་ཡོན་མཐོང་བ་སྦྱིན་པའི་ཕར་ཕྱིན་ལ་སྦྱར་བར་བྱ་བ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-20 08:09ལ་འགྲུབ།

ཡོན་ཏན་གྱི་ཕན་ཡོན་མཐོང་བ་སྦྱིན་པའི་ཕར་ཕྱིན་ལ་སྦྱར་བར་བྱ་བ་བཅུ་གཉིས།

འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བའི་ཡོན་ཏན་གྱི་ཕན་ཡོན་མཐོང་བ་སྦྱིན་པའི་ཕར་ཕྱིན་ལ་སྦྱར་བར་བྱ་བ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ད་པ》ཤ67ན5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟོན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 

2.ལོངས་སྤྱོད་ཆེན་པོ་ཡོངས་སུ་སྒྲུབ་པའི་ལམ་ཡིན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 

3.འདོད་པའི་རིགས་སུ་སྐྱེ་བར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 

4.སེར་སྣ་ཚར་གཅོད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 

5.གཏོང་བའི་རྒྱུན་འཕེལ་བར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

6.ཡི་དྭགས་ཀྱི་གྲོང་ཁྱེར་གྱི་སྒོ་གཅོད་པར་བྱེད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

7.སྐྱེ་བོ་མང་པོ་དང་ཐུན་མོང་གི་ལོངས་སྤྱོད་རྣམས་ལས་སྙིང་པོ་ལེན་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

8.ཡོ་བྱད་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

9.བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་གོམས་པར་བྱས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

10.དངོས་པོ་ཐམས་ཅད་ལ་འཛིན་པའི་སེམས་བདག་ལ་མེད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

11.བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།

12.བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།