ཁྲལ་བསྡུའི་མ་ལག་དཔེ་དུམ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2022-05-20 10:21ལ་འགྲུབ།

ཁྲལ་བསྡུའི་མ་ལག་དཔེ་དུམ།

ཁྲལ་བསྡུའི་མ་ལག་གི་དཔེ་དུམ་ལ“ཁྲལ་བསྡུའི་མ་ལག་གི་ནུས་པའི་དཔེ་དུམ”ཡང་ཟེར། ཁྲལ་བསྡུའི་མ་ལག་གི་བྱེད་ནུས་ཤིག་གཏན་ཚིགས་འབྲེལ་བ་འགའ་ཞིག་ཏུ་དབྱེ་ཕྲལ་བྱས་པ་དང་། དུས་མཚུངས་སུ་འབྲེལ་བ་ངེས་ཅན་ཞིག་གི་གྲུབ་ཆ་ཡང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
税收系统模块
མིང་གཞན།
ཁྲལ་བསྡུའི་མ་ལག་གི་ནུས་པའི་དཔེ་དུམ།
དཀར་ཆག
1 ​ནང་དོན།

ཁྲལ་བསྡུའི་མ་ལག་གི་དཔེ་དུམ་ལ“ཁྲལ་བསྡུའི་མ་ལག་གི་ནུས་པའི་དཔེ་དུམ”ཡང་ཟེར། ཁྲལ་བསྡུའི་མ་ལག་གི་བྱེད་ནུས་ཤིག་གཏན་ཚིགས་འབྲེལ་བ་འགའ་ཞིག་ཏུ་དབྱེ་ཕྲལ་བྱས་པ་དང་། དུས་མཚུངས་སུ་འབྲེལ་བ་ངེས་ཅན་ཞིག་གི་གྲུབ་ཆ་ཡང་ཡོད། གྲུབ་ཆ་འདི་དག་ལ་དཔེ་དུམ་ཟེར། བྱེད་ནུས་དབྱེ་འབྱེད་གོ་རིམ་འདི་རིགས་ལ་དཔེ་དུམ་ཅན་ཟེར། དཔེ་དུམ་ནི་བྱ་རིམ་གྱི་ཚིག་གྲུབ་སྐོར་ཞིག་གིས་གྲུབ་པ་ཡིན། དེ་ནི་བྱ་རིམ་སྐོར་ཞིག་དང་བྱ་རིམ་དུམ་བུ་ཞིག་གམ་ཡན་ལག་བྱ་རིམ་ཞིག་ཡིན་ཆོག  བྱེད་ལས་ཀྱི་སྟེང་ནས་བལྟས་ན་ནང་འཇུག་དང་ཕྱིར་གཏོང་གཞི་གྲངས་དང་གཏན་ཚིགས་ཐག་གཅོད་བྱེད་ནུས་སོགས་ཡོད། དཔེ་དུམ་ཞིག་དཔེ་དུམ་གཞན་པར་སྤྱོད་ཆོག་ལ། ཡང་དཔེ་དུམ་གཞན་པས་འདོན་སྤྱོད་བྱས་ཀྱང་ཆོག བྱེད་ལས་དབྱེ་ཕྲལ་གོ་རིམ་གྱི་དཔེ་དུམ་ཅན་དུ་བསྒྱུར་བ་བརྒྱུད་དེ་ཁྲལ་དོན་གློག་རྩིས་བརྒྱུད་རིམ་གྱི་གོ་རིམ་ཇུས་འགོད་སྟབས་བདེ་རུ་བཏང་ནས་རྩིས་འཁོར་གྱི་ནང་གསོག་གྲོན་ཆུང་བྱས་ཏེ་བྱ་རིམ་ཇུས་འགོད་བྱ་བ་ཚད་གཞི་ཅན་དང་། ཀུན་འཕྲོད་ཅན་དུ་འགྱུར་གང་ཐུབ་བྱེད་པ་དང་། རྩིས་འཁོར་གྱི་འཁོར་སྐྱོད་སྔར་བས་ལུགས་མཐུན་དང་མགྱོགས་པོ་ཡོང་བར་བྱེད་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲལ་བསྡུ། མ་ལག དཔེ་དུམ།