སླར་བསྡུའི་འཇུག་ཚུལ་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-18 08:10ལ་འགྲུབ།

སླར་བསྡུའི་འཇུག་ཚུལ་བཅུ་གཅིག

《གསེར་ཏོག་སུམ་རྟགས》ལས་བྱུང་བའི་སླར་བསྡུའི་འཇུག་ཚུལ་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《གསེར་ཏོག་སུམ་རྟགས》དེབ་ཤ291.1ལས་བཏུས།
རིགས་དབྱེ།
སུམ་རྟགས།
1 ​རྣམ་གྲངས་འདྲེན་པ།

1.སྤྱིར་བཏང་ལ་འཇུག་པ་ནི། དག་གོ མཐོང་ངོ་། བཤད་དོ་ཞེས་པ་ལྟ་བུའོ༎

2.ད་དྲག་དབང་གིས་ན་ར་ལ་རྗེས་ཏོ་ཐོབ་པ་ནི། བསྟནད་ཏོ། བསྐུརད་ཏོ། བསྒྲལད་ཏོ་ཞེས་པ་ལྟ་བུའོ༎

3.མིང་ལ་འཇུག་པ་ནི། འདི་ནི་མིའོ་ཞེས་པ་ལྟ་བུའོ༎

4.ཚིག་ལ་འཇུག་པ་ནི། གོས་སྲས་ཅིང་འཇམ་མོ་ཞེས་པ་ལྟ་བུའོ༎

5.རྣམ་དབྱེ་དང་པོ་ལ་འཇུག་པ་ནི། བུམ་པའོ་ཞེས་པ་ལྟ་བུའོ༎

6.རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ་འཇུག་པ་ནི། ཚོགས་སུ་ཕེབས་སོ་ཞེས་པ་ལྟ་བུའོ༎

7.རྣམ་དབྱེ་གསུམ་པ་བྱེད་པ་ལ་འཇུག་པ་ནི། ཁྱེད་ཀྱིས་སོ་ཞེས་པ་ལྟ་བུའོ༎

8.རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་པ་ནི། བརྗེད་ཐོར་འགོད་དོ་ཞེས་པ་ལྟ་བུའོ༎

9.རྣམ་དབྱེ་ལྔ་པ་འབྱུང་ཁུངས་ལ་འཇུག་པ་ནི། མཐའ་ནས་སོ་ཞེས་པ་ལྟ་བུའོ༎

10.རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ལ་འཇུག་པ་ནི། བདག་གིའོ་ཞེས་པ་ལྟ་བུའོ༎

11.རྣམ་དབྱེ་བདུན་གནས་གཞི་ལ་འཇུག་པ་ནི། མཚོ་རུ་ཉ་དང་ཆུ་སྲིན་ནོ་ཞེས་པ་ལྟ་བུའོ༎


བརྡ་འགྲེལ་གདོང་འཛར།

སླར་བསྡུ། འཇུག་ཚུལ། སུམ་རྟགས།