སྲོང་བཙན་སྒམ་པོའི་མཛད་པ་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-18 08:10ལ་འགྲུབ།

སྲོང་བཙན་སྒམ་པོའི་མཛད་པ་བཅུ་གཅིག

མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས་བྱུང་བའི་སྲོང་བཙན་སྒམ་པོའི་མཛད་པ་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ལྡེའུ་ཆོས་འབྱུང》དེབ་ཤ255.21ལས་བཏུས།
རིགས་དབྱེ།
ལོ་རྒྱུས།
1 རྣམ་གྲངས་འདྲེན་པ།

མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས་བྱུང་བ་སྟེ།

1.རྒྱལ་པོ་འདིའི་སྐུ་ཚེ་སྟོད་ལ་བོད་རུ་བཞི་རུ་ཕྱེ།

2.སུམ་པའི་རུ་སྣ་ལག་སྡེར་བཅད།

3.བསྐོས་པའི་རྒྱལ་པོ་སྡེ་བཞི་མའ་འོག་ཏུ་བསྡུས།

4.སོ་ཁ་རྒྱ་ཡུལ་དུ་བཅས།

5.རྒྱལ་ཕྲན་བཅུ་གཉིས་བྲན་དང་འབངས་སུ་བཅས།

6.ཡབ་འབངས་རུ་དྲུག་ནི་རྗེའི་སྐུ་འཚོ།

7.ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་འཛིན།

8.དཔའ་སྡེ་ལྡོང་སྟོང་གིས་མཐའི་རྒྱ་དྲུག་འདུལ།

9.ཁབ་སྟོང་སྡེ་སུམ་བརྒྱ་དྲུག་ཅུས་དམག་དང་མུ་བྱེད།

10.མ་མི་ཁྱིམ་བརྒྱ་ཡིས་ཞིང་རྨོད་ཐ་རྒོད་འདུལ།

11.མཁན་དགུ་དང་། རྫི་བདུན་དང་། ཚོང་པ་མི་བདུན་དང་། གཡུང་པོ་མི་ཕྱེད་དང་བརྒྱད་ཀྱིས་ཉིང་འབངས་དང་སུམ་འབངས་བྱས་ནས་རྗེའི་ཐུགས་དམ་སྐོང་སྐད་བཅས་སོ༎