སེམས་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-18 08:10ལ་འགྲུབ།

སེམས་བཅུ་གཅིག

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་བཤད་དང་མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་གཉིས་ལས་བྱུང་བའི་སེམས་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་རྒྱུད་མཛོད་བི་པ》ཤ63.1《མདོ་རྒྱུད་མཛོད་ག་པ》ཤ400.4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1  རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད།

1_1 ཁག་དང་པོ།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་བཤད་ལས་བྱུང་བ་སྟེ།

1.བག་ཆགས་སྣ་ཚོགས་སྡུད་པའི་སེམས།

2.བླང་དོར་ལ་རྨོངས་པའི་སེམས།

3.ཞེ་སྡང་དང་ང་རྒྱལ་རགས་པའི་སེམས།

4.ཡུལ་དུ་མ་འཇུག་པའི་སེམས།

5.འགྱུ་ལ་ཐོགས་པ་མེད་པའི་སེམས།

6.སྲེད་པས་མྱོས་པའི་སེམས།

7.གཅིག་ནས་དུ་མར་མཆེད་པའི་སེམས།

8.ཡུལ་དང་དུ་མི་ལེན་པའི་སེམས།

9.དོན་ལ་དཔྱོད་པའི་སེམས།

10.འགོག་པར་དཀའ་བའི་སེམས།

11.གཟའ་གཏད་མེད་པའི་སེམས་བཅས་སོ༎

1_2 ཁག་གཉིས་པ།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ།

1.སྣ་ཚོགས་སྡུད་པ་ཆུ་ལྟ་བུའི་སེམས་ནི། ཡུལ་དང་བག་ཆགས་སྣ་ཚོགས་སྡུད་པས་ཆུ་ལྟ་བུའི་སེམས།

2.གཙང་བཙོག་མེད་པ་ཕག་ལྟ་བུའི་སེམས་ནི། བླང་དོར་ལ་རྨོངས་པས་ཕག་ལྟ་བུའི་སེམས།

3.དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་སེམས་ནི། ཞེ་སྡང་དང་ང་རྒྱལ་རགས་པས་སྟག་ལྟ་བུའི་སེམས།

4.ཡང་བ་སྒྲོ་ལྟ་བུའི་སེམས་ནི། ཡུལ་དུ་མ་ལ་འཇུག་པས་ཟིན་གཅིག་ཏུ་མ་ངེས་པ་བྱ་སྒྲོ་ལྟ་བུའི་སེམས།

5.བསྐྱོད་པ་རླུང་ལྟ་བུའི་སེམས་ནི། འགྱུ་བ་ལ་ཐོགས་པ་མེད་པ་རླུང་།

6.རབ་ཏུ་མྱོང་བ་འདམ་རྫབ་ལྟ་བུའི་སེམས་ནི། ཡུལ་ལ་སྲེད་པས་མྱོས་པ་འདམ་རྫབ་ལྟ་བུའི་སེམས།

7.མཆེད་པ་མེ་ལྟ་བུའི་སེམས་ནི། གཅིག་ནས་དུ་མར་རྣམ་རྟོག་མཆེད་པ་མེ་ལྟ་བུའི་སེམས།

8.འདོད་པ་བྱ་ལྟ་བུའི་སེམས་ནི། ཡུལ་དང་དུ་ལེན་པར་འདོད་པ་བྱ་ལྟ་བུའི་སེམས།

9.རྒྱས་པ་ཡལ་ག་ལྟ་བུའི་སེམས་ནི། ཤེས་པའི་རྩལ་རྒྱས་པས་དོན་ལ་དཔྱོད་པ་ཡལ་ག་ལྟ་བུའི་སེམས།

10.འགོག་པར་དཀའ་བ་གར་སྦྱིན་ལྟ་བུའི་སེམས་ནི། ཡུལ་གྱིས་རིགས་པ་བཟུང་ནས་དེའི་དབང་དུ་སོང་བ་གར་སྦྱིན་ལྟ་བུའི་སེམས།

11.གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སེམས་ནི། ཡལ་མ་ཡུལ་གྱི་ཤེས་པ་གཏད་མེད་དུ་འཕྱོ་བ་སྨྱོན་པ་ལྟ་བུའི་སེམས་སོ༎