སེང་གེས་རྒྱལ་པོས་དངོས་པོ་རྣམ་པ་བཅུ་གཅིག་གི་ཕྱིར་སྒྲ་རབ་ཏུ་སྒྲོགས་པ་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-18 08:10ལ་འགྲུབ།

སེང་གེས་རྒྱལ་པོས་དངོས་པོ་རྣམ་པ་བཅུ་གཅིག་གི་ཕྱིར་སྒྲ་རབ་ཏུ་སྒྲོགས་པ་བཅུ་གཅིག

མྱང་འདས་ལེའུ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་དྲིས་པའི་ལེའུ་ལས་བྱུང་བའི་སེང་གེས་རྒྱལ་པོས་དངོས་པོ་རྣམ་པ་བཅུ་གཅིག་གི་ཕྱིར་སྒྲ་རབ་ཏུ་སྒྲོགས་པ་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མྱང་འདས་ཁ་པ》ཤ126བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

མྱང་འདས་ལེའུ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་དྲིས་པའི་ལེའུ་ལས་བྱུང་བ་སྟེ།

1.ཡང་དག་པར་སེང་གེ་མ་ཡིན་པར་སྒྱུས་སེང་གེ་ལྟར་འཆོས་པ་རྣམ་པར་གཞིག་པ།

2.བདག་གི་མཐུ་རྩལ་བསད་པ།

3.གནས་དག་པར་བྱ་བ།

4.བུ་རྣམས་གནས་ཤེས་པར་བྱ་བ།

5.འགྲོ་བ་མང་པོའི་འཇིགས་པའི་སེམས་མེད་པར་བྱ་བ།

6.གཉིད་ལོག་པ་སད་པར་བྱ་བ།

7.གཅན་གཟན་ལེ་ལོ་ཐམས་ཅད་ལེ་ལོ་མེད་པར་བྱ་བ།

8.གཅན་གཟན་རྣམས་འཁོར་ཞིང་རྟེན་དུ་འགྱུར་བར་བྱ་བ།

9.སྤོས་ཀྱི་བ་གླང་ཆེན་པོ་གདུལ་བ།

10.བུ་རྣམས་སློབ་པ།

11.བདག་གི་འཁོར་ཐམས་ཅད་ཡོངས་སུ་བརྒྱན་པ་བཅས་སོ༎