ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སྐུལ་སློང་པུའུ།སྔ་མའི་པར་གཞི་དེ མགོན11  ནས 2022-05-19 08:55ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སྐུལ་སློང་པུའུ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སྐུལ་སློང་པུའུ།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་སྐུལ་སློང་པུའུ་ནི་ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་ཡི་དམག་དཔུང་བཅོས་བསྒྱུར་བྱས་རྗེས་བཙུགས་པའི་སྡེ་ཁག་གསར་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国中央军事委员会国防动员部
ཕྱི་ཡིག་གི་མིང་།
National Defense Committee of the Chinese Communist Party Central Military Commission
1 འགན་ནུས་གཙོ་བོ།

རྒྱལ་སྲུང་སྐུལ་སློང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན།

ཐེངས་འདིར་བཙུགས་པའི་རྒྱལ་སྲུང་སྐུལ་སློང་པུའི་ལས་འགན་གལ་ཆེན་ཞིག་ནི“ཞིང་ཆེན་དམག་ཁུལ་ལ་འགོ་ཁྲིད་དོ་དམ་བྱེད་རྒྱུ”དེ་ཡིན་པ་དང་། དེ་ཡང་སྒྲིག་སྲོལ་བསྒྱུར་བཅོས་གལ་ཆེན་ཞིག་རེད། རྒྱལ་ཁབ་བཙུགས་པ་ནས་ད་བར་ཞིང་ཆེན་དམག་ཁུལ་སོ་སོར་དམག་ཁུལ་ཆེན་པོས་འགོ་ཁྲིད་བྱེད་ཀྱི་ཡོད། ཐེངས་འདིའི་དམག་དཔུང་བསྒྱུར་བཅོས་བྱེད་སྐབས་དམག་ཁུལ་ཆེན་མོ་མེད་པར་བཟོས་ནས་གཡུལ་འགྱེད་ས་ཁུལ་བསྐྱར་དུ་དབྱེ་འབྱེད་བྱས་ཏེ་མཉམ་འབྲེལ་སྦྱོང་བརྡར་གྱི་མཉམ་འབྲེལ་དམག་འཐབ་ཁོ་ནའི་འགན་ལེན་བྱེད་ཀྱིན་ཡོད།

2 ནུས་འདོན།

དམག་ཨུ་རྒྱལ་སྲུང་སྐུལ་སློང་པུའུ་བཙུགས་ནས་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པའི་འགན་ནུས་སྒྲུབ་པ་དང་། ཞིང་ཆེན་དམག་ཁུལ་ལ་འགོ་ཁྲིད་དང་དོ་དམ་བྱེད་པ་དེ་འཐབ་ཇུས་ཀྱི་ཐོག་ནས་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྲུང་སྐུལ་སློང་མ་ལག་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 

3 ལས་ཐོག་འགོ་ཁྲིད།

པུའུ་ཀྲང་། ལིའུ་ཧྥ་ཆིན།

ཆབ་སྲིད་ཨུ་ཡོན། ཝང་ཏུང་ཧའེ།

པུའུ་ཀྲང་གཞོན་པ། ཧུའུ་དབྱི་ཧྲུའུ། མུའུ་མིང་པིན། ཧོང་ཐའོ་དབྱི། ཝང་པིན། 

དཔྱད་གཞིའི་ཡིག་ཆ།