གཅིག་ཤེས་ཀུན་གྲོལ།སྔ་མའི་པར་གཞི་དེ ཁུ་པེ།  ནས 2022-05-19 10:01ལ་འགྲུབ།

གཅིག་ཤེས་ཀུན་གྲོལ།

སྨན་འདི་ཁ་དོག་སེར་སྨུག་ཅན་རོ་བསྐ་ལ་ཅུང་མངར་བ། དྲི་ཞིམ་པ། ནུས་པ་བསིལ་པ། བཟི་མེད་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ།

བསིལ་གསུམ15རེ། ཙན་དན་དཀར་པོ30 ཙན་དན་དམར་པོ30 ལི་ག་དུར26 གླ་བ10 གུ་གུལ10 ཨ་རུ་ར20 རུ་རྟ15 མཚལ10 སྲོ་ལོ20 ཤིང་མངར15 ཨ་ག་རུ10 ཛ་ཏི10 སླེ་ཏྲེས10 སྒོག་ཐལ15བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྨུག་ཅན་རོ་བསྐ་ལ་ཅུང་མངར་བ། དྲི་ཞིམ་པ། ནུས་པ་བསིལ་པ། བཟི་མེད་པའི་སྨན་ཞིག་ཡིན།

4 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ(རིལ་བུ)1-2རེ་དང་། ཉིན་རེར་ཐེངས2-3རེ་ཆུ་ཁོལ་གྱིས་ཕུལ་དགོས།

5 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་ཡང་བཟོས་པས་རུང་། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།