ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ།སྔ་མའི་པར་གཞི་དེ མགོན11  ནས 2022-05-19 08:49ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་ནི་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡིན། སྤྱི་ལོ2016ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་དེ་དེ་སྔའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་བཅོས་སྒྲིག་བྱས་པ་ཞིག་ཡིན་པ་དང་། དམག་དཔུང་བཅོས་བསྒྱུར་གྱིས་བཙུགས་པའི་སྡེ་ཚན་གསར་པའི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央军事委员会政治工作部
ཕྱི་ཡིག་གི་མིང་།
Political Work Department of People‘s Republic of China Central Military Commission
བཙུགས་ལོ།
སྤྱི་ལོ2016ལོའི་ཟླ1པོ།
ལས་ཐོག་འགོ་ཁྲིད།
མིའོ་ཧྭ།
1 འགན་ནུས་གཙོ་བོ།

གཙོ་བོ་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ལས་དོན། ཆབ་སྲིད་སློབ་གསོ།དམག་དོན་མི་ཤུགས་ཐོན་ཁུངས་དོ་དམ་སོགས་ཀྱི་འགན་ནུས་ལག་བསྟར་བྱེད་དགོས། ནན་བཤད་བྱེད་དགོས་པ་ཞིག་ནི། དམག་དཔུང་གི་ཏང་འཛུགས་སྐྱོང་ནི་དམག་དཔུང་གི་ལས་དོན་ཡོངས་ཀྱི་རྨང་གཞི་དང་གནད་འགག་ཡིན་པ་དང་། ཆབ་སྲིད་ལས་དོན་ནི་རང་དམག་གི་སྲོག་རྩ་ཡིན། ཐེངས་འདིའི་བཅོས་བསྒྱུར་ལ་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ཏང་ཨུའི་ལམ་ལུགས་དང་། ཆབ་སྲིད་ཨུ་ཡོན་ལམ་ལུགས། ཆབ་སྲིད་ལས་ཁུངས་ལམ་ལུགས་སོགས་ལམ་ལུགས་རབ་དང་རིམ་པ་ལག་བསྟར་ནན་པོ་བྱས་ཏེ། གཏན་འབེབས་ལྟར་ཆབ་སྲིད་ལས་བྱེད་པ་སྒྲིག་འཛུགས་དང་། གཞི་རིམ་ཏང་རྩ་འཛུགས་འཐུས་ཚང་དུ་གཏོང་དགོས།

2 སྡེ་ཁག་གི་འགོ་ཁྲིད།

ཀྲུའུ་རེན། མིའོ་ཧྭ།

ཀྲུའུ་རེན་གཞོན་པ། ལིའུ་ཏེ་ཝེ། ཧོ་ཧུང་ཅུན།

ཀྲུའུ་རེན་ལས་རོགས། ཝང་ལི་ཕིང་།ཧྥང་ཡུང་ཞང་། ལི་ཅུན། དབྱང་ཡིའུ་པིན། 

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2021ལོའི་ཟླ2པའི་ཚེས25ཉིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ལ“རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་ཚོགས་པའི” མཚན་སྙན་སྤྲད།

དཔྱད་གཞིའི་ཡིག་ཆ།