ཐལ་ཚྭ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ། ནས 2022-05-18 09:07ལ་འགྲུབ།
ཤིང་ཚེར་མ་ཅན་གྱི་ཐལ་བ་སོགས་ལས་བྱུང་བའི་ཚྭ་སྟེ། འདྲ་ཡིག་ཏུ། ཐལ་ཚྭ་ཐལ་བའི་རིལ་བུ་འདྲ༎ ཡང་ན་ནག་སོབ་ཐལ་བསྒོངས་འདྲ༎ ཞེས་དང་། འདྲ་དཔེར། ཐལ་ཚྭ་ཞུན་བུར་འདྲ་ལ་རྒྱ་ཚྭ་བྲོ༎ ཞེས་པ་ལྟ་བུ་ཞིག་ཀྱང་ཡོད་པར་བཤད།
སྣོད་ཀྱི་གྲང་བ་སེལ་བར་བྱེད། ཁྱད་པར་དུ་རྭ་ཚྭ་ལ། ལྕགས་ཕྲེང་ལས། རྭ་ཚྭ་ཚ་ཞིང་རྩུབ་པས་གྲང་བ་སེལ༎ རྩུབ་པས་སྙིང་རླུང་དག་ལ་གནོད་ལགས་སོ༎ ཞེས་དང་། རང་བྱུང་བས། རྭ་ཚྭས་རྒྱུ་ལོང་གྲང་བ་སེལ༎ ཞེས་གསུངས།