ཐེའུ་རང་།སྔ་མའི་པར་གཞི་དེ མགོན11  ནས 2022-05-16 09:41ལ་འགྲུབ།

ཐེའུ་རང་།

ཐེའུ་རང་།
​སྤྱིར་ཐེའུ་རང་ཟེར་བ་ནི་འབྱུང་བོ་མིན་གྱི་རིགས་ཤིག་སྟེ། འདི་ལ་ཐེའུ་རང་དཀར་ནག་ཁྲ་གསུམ་དང་། ཐེའུ་རང་སྤུན་དགུ་སོགས་ཡོད་ལ། ཐེའུ་རང་ལ་ཡོས་དང་དུང་ཤྭོ་ར་ཤའི་གསུར་གྱིས་མཆོད་ན་དངོས་སུ་འཁོར་ཞིང་ཤྭོ་རྒྱན་འགྱེད་པ་སོགས་ལ་རོགས་བྱེད་ཀྱང་ཁོང་ཁྲོ་ལངས་སླ་བས་ཐེའུ་རང་བསྟེན་པའི་མི་དེ་དར་རྒུད་དང་ལེགས་ཉེས་ཆེ་བར་བཤད། མང་པོ་ཞིག་གིས་ཐེའུ་རང་ལ་འཛེམ་དོགས་བྱེད་ཅིང་བཙོག་ལ་ལྟ་བས་ཐེའུ་རང་འགོག་ཆེད་དུ་སྒོའི་ཡ་ཐེམ་དུ་སྤྲེའུའི་གཟུགས་སོགས་འགེལ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
独脚鬼
1 ངོ་སྤྲོད།

སྤྱིར་ཐེའུ་རང་ཟེར་བ་ནི་འབྱུང་བོ་མིན་གྱི་རིགས་ཤིག་སྟེ། འདི་ལ་ཐེའུ་རང་དཀར་ནག་ཁྲ་གསུམ་དང་། ཐེའུ་རང་སྤུན་དགུ་སོགས་ཡོད་ལ། ཐེའུ་.pngརང་ལ་ཡོས་དང་དུང་ཤྭོ་ར་ཤའི་གསུར་གྱིས་མཆོད་ན་དངོས་སུ་འཁོར་ཞིང་ཤྭོ་རྒྱན་འགྱེད་པ་སོགས་ལ་རོགས་བྱེད་ཀྱང་ཁོང་ཁྲོ་ལངས་སླ་བས་ཐེའུ་རང་བསྟེན་པའི་མི་དེ་དར་རྒུད་དང་ལེགས་ཉེས་ཆེ་བར་བཤད། མང་པོ་ཞིག་གིས་ཐེའུ་རང་ལ་འཛེམ་དོགས་བྱེད་ཅིང་བཙོག་ལ་ལྟ་བས་ཐེའུ་རང་འགོག་ཆེད་དུ་སྒོའི་ཡ་ཐེམ་དུ་སྤྲེའུའི་གཟུགས་སོགས་འགེལ་བ་རེད། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཐེའུ་རང་ནི་མིའི་ལུས་བྱད་ལ་རྐང་གཅིག་ལག་གཅིག་མིག་གཅིག་ནུ་གཅིག་སོ་གཅིག་རལ་བ་གཅིག་གཟུགས་བྱད་ལ་བཤད་སྟངས་མི་འདྲ་བ་མང་པོ་ཞིག་མཆིས་ཀྱང་། འདིར་ནི་གཙོ་བོ་གཉན་པོ་གཡུ་རྩེའི་ཉེ་འཁོར་གྱི་དམངས་ཁྲོད་ཀྱི་ངག་རྒྱུན་དང་དངོས་སུ་ཐེའུ་རང་མཐོང་མཁན་རྣམས་ལ་བཅར་འདྲི་བྱས་ཏེ་བྲིས་པའི་རི་མོ་དང་རྣམ་བཤད་ཡིན། དེ་ཡང་ཐེའུ་རང་ཆེ་བར་གྲུ་གང་དང་ཆུང་བ་ལ་མཐོ་གང་ཙམ་ལས་མེད་ལ། ལུས་བྱིངས་དང་བྱད་བཞིན་མི་དང་ཕལ་ཆེར་འདྲ་ཞིང་རྐང་བ་ཡ་གཅིག་ཅན། རྔ་མ་ཐུང་ངུ་ཡོད་པ། རྣ་བ་ཕག་གི་རྣ་བ་ལྟར་ཆེ་ཞིང་བརྒྱངས་པ། མགོ་ལྟག་རིང་ཞིང་རྣོ་བ། ལུས་ལ་སྤུ་མེད་པ་སྐབས་འགར་གཅེར་བུ་དང་སྐབས་འགར་རེ་ལྡེ་ཆད་པོ་སོགས་གྱོན་པ། ལག་ཏུ་རྡོ་ཨ་ཡས་ཐོ་ལེའི་རྒྱུག་པའི་འཁར་བ་བཟུང་བ། ཆང་ལ་དགའ་བ་ཞིག་ཡིན་པར་བཤད། སྐབས་འགར་ཐེའུ་རང་ཁམ་ཁྱིམ་དུ་འཛུལ་ཞིང་མཛོད་ཕུག་སོགས་ནག་གྲིབ་ཏུ་ཡིབ་ནས་བསྡད་པ་དང་། གཙོ་ཆེར་མཆིག་མཐའ་ལྡག་ཅིང་མཆིག་ཞབས་སུ་ཉལ་ནས་སྡོད་པར་དགའ་བས། རྩམ་པ་འཐག་པར་རྩོམ་སྐབས་ཐོག་མར་མཆིག་ལ་རྡུང་རྡུང་ཁ་ཤས་བྱས་ཏེ་ཐེའུ་རང་དཀྲོག་དགོས་པར་བཤད། ཁ་བ་ཆུང་ཆུང་འབབ་སྐབས་ཞིང་མཐའ་སོགས་སུ་རྫ་ཆག་དང་ཕོར་ཆག་མང་ཨ་རག་གིས་བཀང་སྟེ་བཞག་ན། ཐེའུ་རང་འོང་སྟེ་ཆང་བཏུང་ཞིང་ར་བཟི་ནས་དེ་གར་ཉར་འདུག་པའམ། ཕྱིར་ཁོ་སྡོད་གནས་སུ་ལོག་འགྲོ་བ་རེད། སྐབས་འགར་ཕྱིར་གནས་མལ་དུ་མི་སླེབ་པར་ལམ་འགྲམ་དུ་ཨ་ཀྲད་དུ་ཨ་ཀྲད་སོགས་ཡོད་ན་དེའི་ནང་དུ་འཛུལ་ནས་ཉལ་འདུག་ཡོད་པར་བཤད།  ཐེའུ་རང་ར་བཟི་བའི་རྐང་རྗེས་དེད་དེ་ཕྱིན་ན་ཁོའི་ལག་རྟེན་ཐོབ་སྲིད་ཅིང་། ཐེའུ་རང་གི་རྡོ་ཨ་ཡས་ཐོ་ལེའི་ལག་རྟེན་ནི་ནོར་གཡང་སྒྲུབ་པའི་སྒྲུབ་རྟེན་གྱི་རིན་པོ་ཆེ་ཁྱད་དུ་འཕགས་པ་ཞིག་ཡིན་པར་བཤད་ཅིང་སྨར་རོང་གི་ཁྱིམ་ཞིག་ལ་ཐེའུ་རང་གི་ལག་རྟེན་ཞིག་ཡོད་པར་བཤད་དོ༎