ཀླུ།སྔ་མའི་པར་གཞི་དེ མགོན11  ནས 2022-05-16 09:41ལ་འགྲུབ།

ཀླུ།

ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་མཚོ་དང་ཆུ་མིག་སོགས་ལ་གནས་འཆའ་བའི་སྲོག་ཆགས་ཀྱི་གཟུགས་བརྙན་འཛིན་པ་ཞིག
1 ལོ་ཙཱ།

རྒྱ་ཡིག 龙

དབྱིན་ཡིག serpentine deity

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་མཚོ་དང་ཆུ་མིག་སོགས་ལ་གནས་འཆའ་བའི་སྲོག་ཆགས་ཀྱི་གཟུགས་བརྙན་འཛིན་པ་ཞིག ②ཀླུ་ཆེན་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། 

2.བརྡ་དག་མིང་ཚིག་གསལ་བ་ལས།  འོག་དང་བརྒྱད་དང་ཆུ་བདག་ཀླུ་ཟེར། ①地下。②八数。水主的龙。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།   འགྲོ་བ་རིགས་དྲུག་གི་ནང་ཚན་ཞིག་སྟེ་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ།  ཆོས་ལ་དད་པ་ཡོད་ཀྱང་ཆོས་ཁྲིམས་ཁག་གཅིག་མ་བསྲུང་བའི་རྐྱེན་གྱིས་ཀླུ་ལ་སྐྱེས་པ་ཡིན་ཟེར།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [ནཱག] 名词。①སྡེ་བརྒྱད་ཀྱི་ནང་ཚན་ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག 龙。梵音译作那伽。佛教典籍中所说八部众中一类水栖的人    首蛇身的畜生。②བྱེད་པ་བཅུ་གཅིག་ནང་གི་རྟོག་བྱེད་ཅིག 龙部。藏历十一作用神中,四固定作用神之一。③[མངོན]ཀླུ་ཆེན་ལ་མཐའ་ཡས་དང༌། འཇོག་པོ། སྟོབས་རྒྱུ།  རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང༌། པད་མ། པད་མ་ཆེན་པོ་སྟེ།  བརྒྱད་ཡོད་པས་གྲངས་བརྒྱད་མཚོན། 龙王有无边、安止、力游、具种、广财、护贝、莲花、大莲等八,故表数字8。

5.བོན་གྱི་ཤེས་རིག་ཚིག་མཛོད་ལས།  དཔལ་མགོན་བདུན་ཅུ་རྩ་བཞིའི་ཡ་གྱལ་ཏེ།  དེ་ལ་ཀླུ་ཆེན་པོ་བརྒྱད་དུ་བརྩི་བ་སྟེ།  ཀླུ་ཆེན་པོ་མཐའ་ཡས་དང་།  ཀླུ་ཆེན་པོ་འཇོག་པོ།  ཀླུ་ཆེན་པོ་སྟོབས་ཀྱི་རྒྱལ་པོ།  ཀླུ་ཆེན་པོ་རིགས་ལྡན།  ཀླུ་ཆེན་པོ་ནོར་རྒྱས།  ཀླུ་ཆེན་པོ་དུང་སྐྱོང་།  ཀླུ་ཆེན་པོ་པད་མའི་མགོ་ཅན།  ཀླུ་ཆེན་པོ་ཆུ་ལྷ་བརྒྱད་དོ༎ 

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①དུད་འགྲོའི་རིགས་ཆུ་ལ་གནས་པ་དྲེགས་པ་སྡེ་བརྒྱད་ཀྱི་ནང་ཚན་ཞིག མིང་གི་རྣམ་གྲངས། ནཱ་ག མཐུ་སྒྱིང་། གདེངས་ཀ་ཅན། རི་རྩར་གནས། ②རྩིས་རིག སྐར་རྩིས་ལུགས་ཀྱི་གཟའ་སྐར་བྱེད་པ་བཅུ་གཅིག་གི་ཡ་གྱལ་ཞིག ③མངོན་བརྗོད། གྲངས་ཀ་བརྒྱད་དེ། ཀླུ་ཆེན་ལ་མཐའ་ཡས་དང༌། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང༌། པད་མ། པད་མ་ཆེན་པོ་སྟེ་བརྒྱད་ཡོད་པས་དེ་ལྟར་བཏགས། 


དཔྱད་གཞིའི་ཡིག་ཆ།