ཀླུ།སྔ་མའི་པར་གཞི་དེ མགོན11  ནས 2022-05-16 09:42ལ་འགྲུབ།

ཀླུ།

ཀླུ།
ཀླུ་ནི་ཆུ་ལ་གནས་ཤིང་གཙང་སྦྲ་ལ་དགའ་བའི་རིགས་ཤིག་ཡིན་པས་ཆུ་བོ་འབག་བཙོག་བཟོས་ན་ཀླུ་ཁྲོས་ཏེ་མཛེ་དང་ཕོལ་མིག་སོགས་ཀླུ་ནད་ཀྱི་རིགས་མང་པོ་མི་ཕྱུགས་ལ་མཆེད་དུ་འཇུག་པར་བཤད་དོ༎
1 ངོ་སྤྲོད། 

ཀླུ་ནི་མཐོང་སྣང་མི་གཅིག་པས་མཐའ་གཅིག་ཏུ་འདི་འདྲ་ཞིག་ཡིན་ཞེས་ཁ་ཚོན་གཅོད་དཀའ་མོད། གཉན་པོ་གཡུ་རྩེ་ནས་ཀླུ་མཐོང་མྱོང་ཟེར་བའི་ཀླུ་ནི། འགའ་ཞིག་གིས་ཆུ་མིག་ཅིག་གིས་ཁ་ནས་སྦལ་བ་དཀར་པོ་མང་པོས་གྱེན་དུ་མི་ལྟར་འགྲེང་སྟེ་བྲོ་འཁྲབ་ཀྱིན་ཡོད་པ་མཐོང་བ་དང་། འགའ་ཞིག་གིས་ལུས་པོ་སྦྲུལ་དང་འདྲ་བ་ལ་མགོ་ལ་མིག་མང་པོ་ཡོད་པ་ཞིག་ཏུ་མཐོང་བ་དང་། འགའ་ཞིག་གིས་སྟོད་བུད་མེད་དཀར་མོ་མགོ་ལ་སྦྲུལ་གྱི་གདེངས་ཀ་དང་སྐྲ་རིང་པོ་ཡོད་པ་ཁོག་སྨད་སྦྲུལ་ལམ་ཉའི་གཟུགས་སུ་ཀླུ་མོ་ཟེར་ཞིང་རྟག་པར་ཆུ་མཚོ་གཙང་མ་ལ་གནས་པ་དང་། སྐབས་འགར་ཆུ་ཁར་ཐོན་ཞིང་མཚོ་འགྲམ་གྱི་ཕ་བོང་སོགས་ཀྱི་སྟེང་དུ་ངལ་གསོས་ནས་བསྡད་པ་དང་། སྐབས་འགར་མི་མོ་ལྟར་གྱེན་ལ་འགྲེང་སྟེ་མཚོ་འགྲམ་སོགས་སུ་འགྲོ་བཞིན་ཡོད་པ་མཐོང་བར་བཤད་དོ༎ ཀླུ་ནི་ཆུ་ལ་གནས་ཤིང་གཙང་སྦྲ་ལ་དགའ་བའི་རིགས་ཤིག་ཡིན་པས་ཆུ་བོ་འབག་བཙོག་བཟོས་ན་ཀླུ་ཁྲོས་ཏེ་མཛེ་དང་ཕོལ་མིག་སོགས་ཀླུ་ནད་ཀྱི་རིགས་མང་པོ་མི་ཕྱུགས་ལ་མཆེད་དུ་འཇུག་པར་བཤད་དོ༎

བརྡ་འགྲེལ་གདོང་འཛར།

ཀླུ་མོ། ཀླུ། ཆུ་གནས།